82723

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫུ་འཕྲུལ་འོད་ཟེར་གྱི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་རྒྱན་འགོད་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་བཅའ་ལུགས་ནི། མདོ་གཟེར་མིག་ལས། སོར་མོ་གདེང་ནས་གཡས་པ་གནམ་ལ་སྟོན། གཡོན་པ་ས་ལ་སྟོན། ཞེས་སོ། །དེའི་རྒྱུ་མཚན་ནམ་བྱེད་ལས་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། རྫུ་འཕྲུལ་འོད་ཟེར་ནི་གཞན་སྣང་འཕྲིན་ལས་རྫུ་འཕྲུལ་འོད་ཟེར་ལྟར་དུ་མང་དུ་སྤྲོས་ཏེ། ཡོན་ཏན་གྱི་མིང་ལ་གཡས་པ་ནམ་རྒྱན་ལ། གཡོན་པ་ས་རྒྱན་ནོ། །ཡང་ན་སྟེང་འོག་ཕྱོགས་ཀུན་ཏུ་རྫུ་འཕྲུལ་འོད་ཟེར་ཁྱབ་པའོ། །ཞེས་སོ། །
Domain ཆོས་ལུགས།