82727

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫུ་འཕྲུལ་རྟེན་འཛུག་གི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཆོ་གའི་ཐིག་གདབ་པ་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་བཅའ་ལུགས་ནི། མདོ་གཟེར་མིག་ལས། གཡོན་པས་ཐིག་ཐག་བཅང་ནས་ཐུགས་ཀར་གཏད། གཡས་པས་ཐིག་ཐག་བཅང་ནས་མདུན་གྱི་ཐད་ཀར་བརྐྱང་། ཞེས་སོ། །བྱེད་ལས་སམ་མཚོན་དོན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། ཡོན་ཏན་གྱི་ཁྱད་པར་དུ་བྱེད་པའི་མིང་། གཡོན་པས་ཐུགས་ཀར་གཏད་པ་ནི། ཐིག་གི་དགོངས་པ་གསལ་བར་བསྟན་པ་དང་། གཡས་པ་མདུན་གྱི་ཐད་ཀར་བརྐྱང་བ་ནི། ཐིག་གི་འོད་ཟེར་སྤྲོ་ཞིང་གསལ་བའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།