82732

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫུ་འཕྲུལ་ལྔ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འབྲས་བུ་སྤྲུལ་པ་ལ་རྒྱུ་རྫུ་འཕྲུལ་གྱིས་མིང་བཏགས་པའི་རྫུ་འཕྲུལ་དེ་ལ་དངོས་བཏགས་མ་ཕྱེ་བར་དབྱེ་ན་ལྔ་སྟེ། སྒོམ་བྱུང་གི་རྫུ་འཕྲུལ། སྐྱེས་ཐོབ་ཀྱི་རྫུ་འཕྲུལ། སྔགས་ཀྱི་རྫུ་འཕྲུལ། སྨན་གྱི་རྫུ་འཕྲུལ། ལས་ཀྱི་རྫུ་འཕྲུལ་དང་ལྔ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། རྫུ་འཕྲུལ་ལ་ཡང་དངོས་དང་རྗེས་མཐུན་གྱི་སྒོ་ནས་ཕྱེ་ན་ལྔ་སྟེ། སྒོམ་བྱུང་དང༌། སྐྱེས་ཐོབ་དང༌། སྔགས་ལས་སྐྱེས་པ་དང༌། སྨན་ལས་སྐྱེས་པ་དང༌། སྲིད་པ་བར་མའི་རྫུ་འཕྲུལ་ལྟ་བུ་ལས་ལས་སྐྱེས་པ་དང་ལྔའོ། །དེ་དག་ལས་སྒོམ་བྱུང་གི་རྫུ་འཕྲུལ་ནི་རྫུ་འཕྲུལ་དངོས་ཡིན་ལ། གཞན་རྣམས་ནི་རྗེས་མཐུན་པའོ། །ཞེས་གསུངས།
Domain ཆོས་ལུགས།
རྫུ་འཕྲུལ་ལྔ་ (2)
Part of speech མིང་ཚིག
Definition བསྒོམས་པའི་འབྲས་བུ་དང་། ལྷ་ཀླུ་དང་ཤ་ཟ་ལ་སོགས་པའི་སྐྱེ་བས་ཐོབ་པ་དང་། གན་དྷ་ར་ལ་སོགས་པའི་གསང་སྔགས་ལས་སྐྱེས་པ་དང་། རུས་སྦལ་གྱི་ཟེ་བ་དང་རྨ་བྱའི་མདོངས་ལ་སོགས་པའི་སྨན་ལས་སྐྱེས་པ་དང་། ང་ལས་ནུ་དང་བར་དོ་ལ་སོགས་པ་ལྟ་བུ་ལས་ལས་སྐྱེས་པའི་རྫུ་འཕྲུལ་ཏེ་ལྔའོ། །