82734
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་བཅོ་བརྒྱད་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ཞི་བའི་ངང་ལས་ཁྲོས་པ་ཡིན། །༼ཡིས༽ ཕྱི་ནང་ལོག་རྟོག་ཚར་གཅོད་པ། །རྫུ་འཕྲུལ་སྟོབས་ཀྱི་ཕྱག་རྒྱ་ཡིན། །ཞེས་གསུངས་པས། དེའི་ཚིག་དོན་ནི། ཐུགས་ཉིད་ཞི་བ་དང་བརྩེ་བའི་ངང་ལས་རྟག་ཏུ་མ་གཡོས་པའི་སྒོ་ནས་ཐུགས་རྗེས་སྤྲུལ་པ་འབར་བ་དྲག་ཏུ་ཁྲོས་པའི་ཚུལ་མཛད་པ་དེས། གདུལ་བྱ་ཕྱི་ནང་ལོག་རྟོག་ཅན་དག་འདྲེན་པའི་ཐབས་སུ་མངོན་སྤྱོད་དྲག་པོའི་སྒོ་ནས་ཚར་གཅོད་པར་མཛད་པའི་དོན་ནོ། ། |
| Domain | ཆོས་ལུགས། |