82800

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོགས་པ་ཆེན་པོའི་ཀློང་དགུ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་འབྲུ་འགྲེལ་རྫོགས་ཆེན་ཨ་ཏི་ཡོ་གའི་རྒྱུད་བཤད་ལས་བྱུང་བ་སྟེ། དང་པོ་སེམས་སྡེ་ལ། ཆོས་ཉིད་བརྗོད་དུ་མེད་པའི་ཀློང༌། ལྟ་བ་ལ་མིན་པ་མེད་པའི་ཀློང༌། སྤྱོད་པ་ལ་ཡིན་པ་མེད་པའི་ཀློང་ངོ༌། །གཉིས་པ་ཀློང་སྡེ་ལ། སྒོམ་པ་ལ་ཡིན་པ་མེད་པའི་ཀློང༌། རང་བཞིན་ལ་བཙལ་དུ་མེད་པའི་ཀློང༌། མཚན་ཉིད་ལ་ཐ་དད་མེད་པའི་ཀློང་ངོ༌། །གསུམ་པ་མན་ངག་གི་སྡེ་ལ། རོལ་པ་ལ་འགག་པ་མེད་པའི་ཀློང༌། བློ་ལམ་ལ་གྲོལ་བ་མེད་པའི་ཀློང༌། ངོ་བོ་ལ་བཟང་ངན་མེད་པའི་ཀློང་བཅས་སོ། །
Domain ཆོས་ལུགས།