82802
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྫོགས་ཆེན། རྙིང་མ། རྫོགས་པ་ཆེན་པོའི་ཆེ་བ་དྲུག་ནི། ཐེག་དགུ་སྤྱི་ཆིངས་ཀྱི་འགྲེལ་བཤད་ཉི་མའི་འོད་ཟེར་ལས། རྫོགས་པ་ཆེན་པོའི་ཆེ་བའམ་ཡོན་ཏན་དྲུག་སྟེ། བཀའ་རྫོགས་པ་ཆེན་པོ་ལྔ་བརྒྱའི་ཐ་མ་ལ་བྱང་ཕྱོགས་ཁ་བ་ཅན་གྱི་ཞིང་ཁམས་དེར་དར་ཞིང་སེམས་ཅན་གྱི་སྒྲོན་མེ་བྱེད་པར་ལུང་བསྟན་པ་དང་། བསྟན་པ་འཛིན་ཅིང་འཆང་བའི་ཡོན་ཏན་དང་། མོས་པའི་ཡོན་ཏན་དང་། ཉན་པའི་ཡོན་ཏན་དང་། གཞུང་བཞིན་བཤད་པའི་ཡོན་ཏན་དང་། རྟོགས་ཤིང་བསྒོམས་པའི་ཡོན་ཏན་དང་དྲུག་ཅེས་གསུངས་སོ། ། |
| Domain | ཆོས་ལུགས། |