82803
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། རྫོགས་པ་ཆེན་པོའི་དཀྱིལ་འཁོར་རྣམ་གསུམ་ནི། རང་བཞིན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་ཏེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། རྫོགས་པ་ཆེན་པོའི་དཀྱིལ་འཁོར་རྣམ་གསུམ་གྱི་སྒོ་སྲུང་བ་དང་། བདུད་བཞི་འདུལ་བར་བྱེད་པའོ། །ཞེས་དང་། དཀོན་ཅོག་འགྲེལ་ལས། དཀྱིལ་འཁོར་གསུམ་དུ་བསྡུ་བ་ནི། ཚིག་གོང་མ་ནི་རང་བཞིན་གྱི་དཀྱིལ་འཁོར། འོག་མ་ནི་ཏིང་ངེ་འཛིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར། དཀྱིལ་འཁོར་གཅིག་ཏུ་བསྡུ་བ་ནི། རང་སྣང་བའི་དཀྱིལ་འཁོར་ཏེ་དེ་ལ་གང་ཞིག་སྣང་ཞེ་ན། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་སྣང་ངོ་། །རྒྱུ་ཅི་ལས་སྣང་ཞེ་ན། ཐུགས་རྗེ་ཆེན་པོའི་ངང་ལས་སམ་ངང་གིས་སྣང་སྟེ་དེའི་དབང་ཡིན་པའི་ཕྱིར་རོ། །གང་ལ་སྣང་ན་ཏིང་ངེ་འཛིན་ལ་སྟེ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་སྣང་ངོ་། །ཇི་ལྟར་སྣང་ན་གཟུགས་བརྙན་སྒྱུ་མ་ལྟར་རང་བཞིན་རྣམ་པར་དག་ཅིང་གསལ་བར་སྣང་ངོ་། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |