82814
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། རྫོགས་པའི་ཏིང་ངེ་འཛིན་ནི། རྒྱུད་ཀྱི་དངོས་པོའི་བྱེ་བྲག་ཏིང་ངེ་འཛིན་ལ་ངོ་བོའི་སྒོ་ནས་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་གཉིས་སུ་ཕྱེ་བའི་ཡ་གྱལ་ལས་གཉིས་པ་རྫོགས་རིམ་སྟེ། འོད་གསལ་སྙིང་པོ་ལས། གཉིས་པ་རྫོགས་པའི་རིམ་པ་ལ་ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་པ་སོགས་དང་། གྲོལ་ལམ་ཟུང་འཇུག་རྣམ་པར་མི་རྟོག་པའི་རྣལ་འབྱོར་རིམ་གཅིག་ཅར་གྱིས་བསྡུས་པ་རྣམས་སོ། །ཞེས་གསུངས། རྫོགས་རིམ་གྱི་སྐབས་སུའང་གཟིགས། |
| Domain | ཆོས་ལུགས། |