From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་ཆོས་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་བཞི་ཡོད་དེ། ༡ སྔོན་གྱི་མཐའ་དབེན་པ། ༢ ཕྱི་མའི་མཐའ་མི་འཕོ་བ། ༣ ད་ལྟར་བྱུང་བ་འཇིག་པར་ཤེས་པ། ༤ དུས་གསུམ་མཉམ་པ་ཉིད་དོ། །
|
| Domain
|
ཆོས་ལུགས།
|
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་ཆོས་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
༡ ལུས་དབེན་པ། ༢ སེམས་དབེན་པ། ༣ ཆོས་དབེན་པ། ༤ ལས་དབེན་པའོ། །ཁག་གསུམ་པ། ༡ སངས་རྒྱས་ལ་ཆོས་ཉིད་དུ་མཐོང་གི །
|
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་ཆོས་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
གཟུགས་སུ་མ་ཡིན་པ། ༢ ཆོས་ལ་འདོད་ཆགས་དང་བྲལ་བར་མཐོང་གི ། ངེས་པའི་ཚིག་ཏུ་མ་ཡིན་པ། ༣ དགེ་འདུན་ལ་འདུས་མ་བྱས་སུ་མཐོང་གི ། ཚོགས་སུ་མ་ཡིན་པ། ༤ ཤེས་རབ་ཀྱི་མིག་ཡོངས་སུ་དག་པར་འགྱུར་བའོ། །
|
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་ཆོས་བཞི་ (4)
| Part of speech
|
མིང་ཚིག
|
| Definition
|
༡ བསྡུ་བའི་དངོས་པོ་མི་གཏོང་བས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ། ༢ ཐབས་ཤེས་པ་ལ་མཁས་པ། ༣ སེམས་ཅན་མེད་པར་རྣམ་པར་དཔྱོད་པ། ༤ སྙིང་རྗེ་ཆེན་པོའོ། །
|