82822
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། རྫོགས་སྐུའི་མཁྱེན་པའི་ཡེ་ཤེས་ལྔ་ལས་དབྱེ་བའི་མཆོད་རྟེན་བརྒྱ་དང་ཉི་ཤུ་ཞིག་སྟེ། གཟི་བརྗིད་པོད་བརྒྱད་པ་ལས། ལོངས་སྤྱོད་རྫོགས་པའི་མཆོད་རྟེན་ཀྱང་། །རྣམ་པ་ལྔ་རུ་དབྱེ་བ་སྟེ། །སྟོང་མཉམ་མེ་ལོང་སོ་སོར་རྟོགས། །བྱ་བ་གྲུབ་པའི་ཡེ་ཤེས་ཏེ། །ཞེས་སོ། །རྣམ་གྲངས་ནི། སྟོང་ཉིད་ཡེ་ཤེས་ཀྱི་མཆོད་རྟེན་ཉི་ཤུ་བཞི། མཉམ་ཉིད་ཡེ་ཤེས་ཀྱི་མཆོད་རྟེན་ཉི་ཤུ་བཞི། མེ་ལོང་ཡེ་ཤེས་ཀྱི་མཆོད་རྟེན་ཉི་ཤུ་བཞི། སོ་རྟོགས་ཡེ་ཤེས་ཀྱི་མཆོད་རྟེན་ཉི་ཤུ་བཞི། བྱ་གྲུབ་ཡེ་ཤེས་ཀྱི་མཆོད་རྟེན་ཉི་ཤུ་བཞི་བཅས་བརྒྱ་དང་ཉི་ཤུའོ། །ཞིབ་ཕྲ་གཟི་བརྗིད་པོད་བརྒྱད་པ་ལ་གཟིགས། དེ་ལ་མཁའ་ལ་རང་བཞིན་རྫོགས་པའི་མཆོད་རྟེན་བརྒྱ་དང་ཉི་ཤུ་ཞེས་ཀྱང་བྱའོ། ། |
| Domain | ཆོས་ལུགས། |