82824
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། རྫོགས་པའི་རིམ་པ་ཞེས་ཡོངས་སུ་གྲགས་པ་ཡང་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ལ་འཇུག་པ་ཡིན་ཏེ། རྩ་རླུང་ཐིག་ལེའི་རྣམ་རྟོག་པས་བསྒོམས་པ་ལ་སེམས་འཛིན་པ་སོགས་ནི་རྫོགས་རིམ་དང་ཉེ་བ་དང་། རྫོགས་རིམ་གྱི་རྣམ་པ་ལམ་དུ་བྱེད་པ་ཡིན་པའི་ཕྱིར་དང་། རྫོགས་རིམ་གྱི་རྒྱུ་རྐྱེན་ཁྱད་པར་ཅན་བྱེད་པའི་ཕྱིར་རྫོགས་རིམ་དུ་བཏགས་པར་ཟད་ཀྱི། རྣལ་འབྱོར་གྱི་ངོ་བོ་བསྐྱེད་རིམ་གྱི་ཕྲ་ཐིག་ལས་མ་འདས་སོ། །རྫོགས་རིམ་གྱི་སྐད་དོད་ནཱིཥྤནྞ་ཀྲ་མ་ཞེས་པ་བསྣན་པས། པ་རི་ནི་ཥྤནྞ་ནི་ཡོངས་སུ་གྲུབ་པ་སྟེ། གདོད་མ་ནས་གྲུབ་པའི་གནས་ལུགས་དེ་བཞིན་ཉིད་དོ། །དེ་བསྒོམ་པའི་ཐབས་ནི་རིམ་པ་སྟེ། གནས་ལུགས་ཀྱི་མཐར་ཐུག་པ་ཡང་སྟོང་གཟུགས་དང་བདེ་ཆེན་ཟུང་འཇུག་ཁོ་ན་ཡིན་པའི་ཕྱིར། དེ་བསྒོམ་པའི་ཐབས་རྫོགས་རིམ་དངོས་ནི་རྡོ་རྗེའི་རྣལ་འབྱོར་ལས་གཞན་མ་ཡིན་ནོ། ། |
| Domain | ཆོས་ལུགས། |