82834

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོགས་པའི་སངས་རྒྱས་ཀྱིས་མཛད་པའི་དོན་བདུན་ (1)
Part of speech མིང་ཚིག
Definition ༡ རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ནི་འདི་དང་འདི་ལྟ་བུའོ་སྙམ་པའི་རྟོག་པ་དང་འབད་རྩོལ་གྱི་མཚན་མ་ཅུང་ཟད་ཀྱང་མི་མངའ་བཞིན་དུ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོའི་མཐུས་ཡིད་བཞིན་གྱི་ནོར་བུས་འབད་བརྩོན་མེད་བཞིན་དུ་འོད་ཟེར་སྤྲོ་བ་དང་། ལྷའི་རྔ་བོ་ཆེས་རྟོག་པ་མེད་བཞིན་དུ་ཆོས་ཀྱི་སྡོམ་བཞི་སྟོན་པ་དང་མཐུན་པར་རང་རང་གི་ཁམས་དང་བསམ་པ་དང་བག་བ་ཉལ་ཇི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་མཐའ་ཡས་པས་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་འབད་མེད་ལྷུན་གྱིས་གྲུབ་པར་འབྱུང་བ། ༢ ཉི་མའི་དཀྱིལ་འཁོར་ལ་འཆར་དང་མི་འཆར་གྱི་ཕྱོགས་རིས་མེད་པར་ཆུའི་ས་ཆུའི་སྣོད་དྭངས་པ་དང་མི་དྭངས་པ་ཐམས་ཅད་དུ་རང་རང་དང་འཚམས་པར་ཅིག་ཅར་དུ་འཆར་བ་བཞིན་དུ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པའང་འདི་ལ་མི་སྣང་ཞེས་ཕྱོགས་རིས་ཅུང་ཟད་ཀྱང་མེད་པར་གདུལ་བྱ་རང་རང་གི་སྐལ་པ་མཆོག་དམན་དང་འཚམས་ཤིང་ཅིག་ཅར་དུ་སྣང་བ། ༣ ཉི་མའི་འོད་ཟེར་དཔག་ཏུ་མེད་པའང་འདྲེས་ནས་པདྨ་ཁ་འབྱེད་པ་ལྟ་བུའི་བྱ་བ་གཅིག་ལ་འཇུག་པ་བཞིན་དུ་སེམས་ཅན་རེ་རེ་འདུལ་བ་ལའང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་ཕྲིན་ལས་གཅིག་ཏུ་འདྲེས་ནས་འཇུག་པ། ༤ འདུས་མ་བྱས་ཀྱི་ནམ་མཁའི་དབྱིངས་སུ་འདུས་བྱས་ཀྱི་དངོས་པོ་སྐྱེ་བ་དང་འཇིག་པ་རྒྱུན་མི་འཆད་པ་བཞིན་དུ་ཟག་པ་མེད་པའི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། གདུལ་བྱ་དུས་ལ་བབ་པ་ན་ཕྲིན་ལས་འཇུག་ཅིང་མ་བབ་ན་མི་འཇུག་པའི་ཚུལ་གྱིས་སངས་རྒྱས་ཀྱི་མཛད་པ་ནམ་ཡང་རྒྱུན་མི་འཆད་པ། ༥ ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་ལ་ལར་མངོན་པར་བྱང་ཆུབ་པ་དང་། ལ་ལར་ཆོས་འཁོར་བསྐོར་བ་དང་། ལ་ལར་མྱ་ངན་ལས་འདའ་བར་སྟོན་པ་སོགས་ཐབས་སྣ་ཚོགས་པའི་སྒོ་ནས་ཇི་ལྟར་རིགས་པར་གདུལ་བྱའི་དོན་མཛད་པ། ༦ རི་མཐོ་དམན་གྱི་ཁྱད་པར་ལས་ཉི་མའི་འོད་ཟེར་རིམ་གྱིས་འཆར་བ་བཞིན་དུ་གདུལ་བྱ་སྐལ་པ་མཆོག་དང་བར་མ་དང་དམན་པ་རྣམས་ལའང་སངས་རྒྱས་ཀྱི་ཕྲིན་ལས་རང་རང་དང་འཚམས་པར་རིམ་གྱིས་འཇུག་པ། ༧ སངས་རྒྱས་མཐོང་བ་ཙམ་གྱིས་འཚེ་བ་དང་། ངན་སོང་དང་། ཐབས་མ་ཡིན་པ་དང་། ཁམས་གསུམ་གྱི་སྡུག་བསྔལ་དང་། ཐེག་པ་དམན་པ་ལས་སྐྱོབ་པ་སྟེ་ཡོངས་སུ་སྐྱོབ་པ་རྣམ་པ་ལྔས་སེམས་ཅན་གྱི་དོན་མཛད་པའོ། །
Domain ཆོས་ལུགས།