82835

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ཞེས་པའི་དོན་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ། རྫོགས་པ་ནི་ལྷག་མ་མེད་པའི་དོན་ནོ། །སངས་པ་ནི་ཉོན་མོངས་པ་སངས་པའོ། །རྒྱས་པ་ནི་ཡེ་ཤེས་རྒྱས་པའོ། །བཅོམ་པ་ནི་མཚན་མའི་ཆོས་རྣམས་བཅོམ་པའོ། །ལྡན་པ་ནི་སྙིང་པོའི་དོན་དང་ལྡན་པའོ། །འདས་པ་ནི་བློ་ཡི་ཆོས་ལས་འདས་པའོ། །ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]