82843

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོགས་བྱེད་ཀྱི་ལས་ (1)
Part of speech མིང་ཚིག
Definition རྫོགས་བྱེད་ཀྱི་གོ་དོན་ནི། ལས་སྣ་ཚོགས་པས་སྔར་གྱི་འཕེན་བྱེད་ཀྱིས་འཕངས་པའི་ལུས་རྟེན་ལ་བདེ་བ་དང་སྡུག་བསྔལ་སྣ་ཚོགས་པ་མྱོང་བར་བྱེད་པ་ནི་རྫོགས་བྱེད་ཡིན་ཏེ། དཔེར་ན་ལྷའི་རི་མོ་འབྲི་བ་ན། སྐྱ་རིས་ལ་ཚོན་གཅིག་ཁོ་ན་དང་། ཡོངས་སུ་རྫོགས་པ་ལ་ཚོན་སྣ་ཚོགས་འགྱེད་པ་ལྟ་བུའོ། །མཐོ་རིས་དེ་དག་ལ་བདེ་བ་འབྱུང་བ་ནི་རྫོགས་བྱེད་དགེ་བས་རྫོགས་པ་ཡིན་ཏེ། རྫོགས་བྱེད་དགེ་བའི་ལས་སྣ་ཚོགས་པའི་སྐྱེས་བུའི་བྱེད་འབྲས་རྒྱུ་མཐུན་བདག་པོའི་འབྲས་བུ་དང་གསུམ་པོ་གང་རུང་ཡིན་པའི་ཕྱིར། ངན་སོང་དེའི་སྡུག་བསྔལ་ཀྱི་བྱེ་བྲག་ཚ་གྲང་ལ་སོགས་པ་ཀུན་རྫོགས་བྱེད་ཀྱི་ལས་སྡིག་པས་རྫོགས་པ་ཡིན་ཏེ། སྡིག་པའི་སྐྱེས་བུའི་བྱེད་འབྲས་སོགས་གསུམ་པོ་གང་རུང་ཡིན་པའི་ཕྱིར། དེ་བཞིན་དུ་མཐོ་རིས་ཀྱི་ལུས་རྟེན་དགེ་བས་འཕངས་པ་ཡིན་མོད་ཀྱི། དེའི་རྟེན་ལ་ནད་དང་གཞན་གྱིས་གནོད་པ་སོགས་ཀྱི་སྡུག་བསྔལ་ཀུན་རྫོགས་བྱེད་སྡིག་པ་ཡིན་པར་གསུངས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།