From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྫོགས་རིམ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། གསང་སྔགས་ཀྱི་ཐེག་པར་སློབ་སྐབས་སྙིང་པོའི་དོན་ལ་འཇུག་པར་བྱེད་པའི་ལམ་ཞིག་སྟེ། འོད་གསལ་སྙིང་པོ་ལས། གཉིས་པ་རྫོགས་རིམ་ནི། ཐབས་ཀྱི་མན་ངག་ཟབ་མོས་གཞི་རྒྱུད་དག་མཉམ་ཆེན་པོ་རང་གནས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་མངོན་དུ་འཆར་བར་བྱེད་པ་སྟེ། དེ་ལ་རྫོགས་རིམ་མམ་མངོན་སུམ་གྱི་རྣལ་འབྱོར་དང་། གཉུག་མའི་ལམ་ཞེས་ཀྱང་བྱའོ། །ཞེས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
རྫོགས་རིམ་ (2)
| Part of speech
|
མིང་ཚིག
|
| Definition
|
དབང་གོང་མས་རྩ་དང་ཁམས་རླུང་སེམས་ཀྱི་ནུས་པ་བྱིན་གྱིས་བརླབས་ནས་ངོ་སྤྲད་པ་དེ་རྒྱུན་ལྡན་དུ་ཉམས་སུ་ལེན་པ་ནི་རྫོགས་པའི་རིམ་པ་ཡིན་ནོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། རྫོགས་རིམ་ནི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་ནོར་བུ་ལས་སོ། །
|
རྫོགས་རིམ་ (3)
| Part of speech
|
མིང་ཚིག
|
| Definition
|
ཡན་ལག་དྲུག་གིས་འཁོར་འདས་ཀྱི་རྣམ་པའི་འོད་གསལ་སྣ་ཚོགས་པ་རྫོགས་པར་མངོན་དུ་གྱུར་བཞིན་པའི་ངང་ནས་ཀུན་གཞི་ཡེ་ཤེས་ཆོས་སྐུའི་ངོ་བོར་གྱུར་པའི་དུ་བ་ལ་སོགས་པའི་མཚན་མ་དང་། རྣམ་པར་མི་རྟོག་པའི་སེམས་དང་། གཟུགས་རིམ་གྱིས་རྫོགས་པ་ཡིན་ཏེ། དྲི་མེད་འོད་ལས། འཇིག་རྟེན་ལས་འདས་པའི་བདེན་པ་ནི། དུ་བ་ལ་སོགས་པའི་མཚན་མ་དང་། རྣམ་པར་མི་རྟོག་པའི་སེམས་རྫོགས་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །ཞེས་པ་དང་། དུ་བ་ལ་སོགས་པ་གཟུགས་རྫོགས་པ་རྫོགས་པའི་རིམ་པས་སོ། །ཞེས་པའོ། །
|
རྫོགས་རིམ་ (4)
| Part of speech
|
མིང་ཚིག
|
| Definition
|
རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཏེ་རྩ་ཐིག་རླུང་གསུམ་ལས་སུ་རུང་བ་ལ་བརྟེན་ནས་སྟོང་བཞིས་དྲངས་པའི་འོད་གསལ་དང༌། དགའ་བཞིས་དྲངས་པའི་ལྷན་སྐྱེས་ཡེ་ཤེས་མངོན་དུ་བྱེད་པའི་ཤེས་རབ་ཁྱད་པར་ཅན།
|