82853

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོགས་རིམ་གྱི་ཉམས་ལེན་ (1)
Part of speech མིང་ཚིག
Definition བསྐྱེད་རིམ་གྱི་ལྷ་བདེ་ཆེན་གྱི་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་དུ་རྫོགས་པའི་རིམ་པ་བསྒོམ་སྟེ། དེ་ཡང་ལུས་ཐམས་ཅད་ལ་རྩས་ཁྱབ། དེ་ལ་བྱང་ཆུབ་ཀྱི་སེམས་དང་རླུང་གིས་ཁྱབ། དེ་དང་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་དབྱེར་མེད་དུ་གནས་པ་ལ་རྟེན་རྩ་ཐིག་ལེ་རླུང་གསུམ་ལ་གནད་དུ་བསྣུན་ནས། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་ཏེ། སྣང་བ་ཐམས་ཅད་ཟུང་འཇུག་གི་ངོ་བོར་བསྒྱུར་བའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།