82855

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོགས་རིམ་གྱི་བརྟན་པ་ཐོབ་པའི་དམ་ཚིག་བཅུ་ (1)
Part of speech མིང་ཚིག
Definition ཟས་ཐམས་ཅད་ནང་གི་སྦྱིན་སྲེག་དང་། རྟག་ཏུ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཞེངས་པ། གང་ཅི་མཐོང་བ་ཐམས་ཅད་རྡོ་རྗེ་གསུམ་དུ་ཤེས་པས་རབ་གནས་བྱེད་པ། ངག་སྔགས་སུ་ཤེས་པས་བཟླས་པ་རྒྱུན་མི་འཆད་པ། རྟག་ཏུ་ཡེ་ཤེས་མི་འབྲལ་བ། མི་དང་མི་མ་ཡིན་པའི་སློབ་མ་རྣམས་ལ་གདམས་ངག་སྟོན་པ། ཚར་གཅོད་རྗེས་འཛིན་གྱིས་སེམས་ཅན་གྱི་དོན་བྱེད་པ། བདག་ཉིད་མཆོད་པས་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པ། འོད་གསལ་གྱི་གཉིད་ནམ་ཡང་མི་སྤོང་བ། གྲོང་པའི་ཆོས་མི་སྤོང་བ། དབང་པོ་རྣམས་འདོད་ཡོན་ལ་མི་དགག་པ་རྣམས་སོ། །
Domain ཆོས་ལུགས།