From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྫོགས་སངས་རྒྱས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཡོན་ཏན་ཡོངས་སུ་ཚང་ཞིང་སྒྲིབ་གཉིས་ཀྱི་དྲི་མ་ལས་གྲོལ་ཏེ། མཁྱེན་པའི་ཡེ་ཤེས་མ་ལུས་རྒྱས་པའི་དོན།
|
| Domain
|
ཆོས་ལུགས།
|
རྫོགས་སངས་རྒྱས་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཉི་ཟླ་འབར་བའི་སྒྲོན་མ་ལས། རྫོགས་པ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྱི་ཏི་ཡོ་གའི་ཀློང་དུ་རྫོགས་སོ། །སངས་ཞེས་པ་ནི་ཀ་དག་ཆེན་པོའི་ངོ་བོར་སངས། །བྱར་མེད་བློ་འདས་ཆེན་པོར་རྒྱས། །ཞེས་དང་། རྫོགས་པ་ནི་ལྷག་མ་མེད་པའི་དོན་ཏེ། །སངས་པ་ནི་ཉོན་མོངས་པ་སངས་པའོ། །རྒྱས་པ་ནི་ཡེ་ཤེས་རྒྱས་པའོ། །ཞེས་གསུངས་སོ། །
|