82878

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོང་ (1)
Part of speech མིང་ཚིག
Definition ས་བརྩན་པོ་དང་མཁར་ཁང་སོགས་ཀྱི་མིང་སྟེ།
Keyword True
Example བྲག་རྫོང་སྟོད་ཀྱི་ཐང་དཀར། རྒྱ་རྫོང་ནགས་ཀྱི་སྟག་མོ་ལྟ་བུ་དང་། དངུལ་ཆུ་ཁྲོ་རྫོང་། ཕོ་རོག་སྙིང་རྫོང་ལྟ་བུ།
རྫོང་ (2)
Part of speech མིང་ཚིག
Definition དངོས་པོ་བར་གསེང་འཚབ་བྱེད་ཀྱི་མིང་སྟེ།
Example ཀོ་རྫོང༌། གྲུ་རྫོང༌། དོ་རྫོང༌། དཔེ་རྫོང༌ཞེས་པ་ལྟ་བུ།
རྫོང་ (3)
Part of speech མིང་ཚིག
Definition གནའ་དེང་གི་སྲིད་འཛིན་ས་ཁུལ་བགོ་སྟངས་ཀྱི་ཚན་པ་ཞིག་སྟེ།
Keyword True
Example སྣེའུ་གདོང་རྫོང་ལྟ་བུ།
Domain འཛིན་སྐྱོང་།
རྫོང་ (4)
Part of speech མིང་ཚིག
Definition དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ཆོས་སྐད་ལ། ལྟ་བ་ལ་རྫོང་ཞེས་བརྗོད་པ་ཡོད་དེ།
Example ལྟ་སྒོམ་སྤྱོད་གསུམ་ལ་རྫོང་འཕྲང་སྲོག་གསུམ་ཞེས་བརྫོད་པ་བཞིན་ནོ། །
Domain ཆོས་ལུགས།
རྫོང་ (1)
Part of speech བྱ་ཚིག
Definition ཕོ་ཉ་སོགས་མངག་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བརྫང་།, སང་ཉིན་ཕོ་ཉ་ཐག་རིང་ལ་བརྫང་དགོས།]
Present [རྫོང་།, བཀའ་ཡིས་ཕོ་ཉ་རྫོང་བཞིན་པ།]
Past [བརྫངས།, ཕོ་ཉ་བརྫངས་ནས་ལས་དོན་བསྒྲུབས།]
Imperative [རྫོངས།, ཕོ་ཉ་རྫོངས་ཤིག་ལྟ་བུ།]
རྫོང་ (2)
Part of speech བྱ་ཚིག
Definition སྐྱེལ་མ་བྱེད་པའི་དོན།
Future [བརྫང་།, སང་ལོ་བུ་མོ་གནས་ལ་བརྫང་དགོས།]
Present [རྫོང་།, མགྲོན་པོ་ལམ་ལ་རྫོང་བཞིན་ཡོད།]
Past [བརྫངས།, བུ་མོ་གནས་ལ་བརྫངས་ཟིན།]
Imperative [རྫོངས།, སྐུ་མགྲོན་ལེགས་པོ་རྫོངས་ཤིག་ལྟ་བུ།]