82889
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ཤིང་ཕག་ཕྱི་ལོ་ ༡༦༩༥ ལོར་རྗེ་ཤེས་རབ་བཀྲ་ཤིས་ཀྱི་རིགས་དབོན་དུ་འཁྲུངས། ཆུང་དུས་ནས་ཚུལ་ཁྲིམས་བཀྲ་ཤིས་ཀྱི་ཡང་སྤྲུལ་དུ་ངོས་བཟུང་། ཁུ་ཆེན་ཤེས་རབ་བཀྲ་ཤིས་ལས་རབ་ཏུ་བྱུང་། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་ནས་སློབ་གཉེར་གནང་། དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་བརྩོན་མཛད། ཕྱིར་མདོ་སྨད་དུ་ཕེབས་ནས་ཁྲི་སྤྲུལ་བསྟན་པའི་ཉི་མ་དང་། ཆུ་དམར་བློ་བཟང་རྒྱ་མཚོ། གཡེར་གཤོང་འཇམ་དབྱངས་བློ་གྲོས་བཅས་ལས་རྡོར་ཕྲེང་གི་དབང་དང་། བཀའ་འགྱུར། བཀའ་ཆོས་མང་དུ་གསན། ལྷག་ཏུ་ཁུ་ཆེན་ཤེས་རབ་བཀྲ་ཤིས་ལས་གདམས་ངག་མང་དུ་གསན། བསྙེན་པར་ཡང་རྫོགས། ཁུ་ཆེན་གྱི་ཕྱག་སྲོལ་ལྟར་ཡིག་དྲུག་གི་འཕྲིན་ལས་སྤེལ། རྫོང་དཀར་ལེགས་སྐྱོང་མཛད། ཀ་རིང་བཀྲ་ཤིས་དར་རྒྱས་གླིང་གི་དགོན་མགོ་ཕུལ་བ་ཞལ་གྱིས་བཞེས་ཏེ་བཅའ་ཡིག་གསར་འཇོག་མཛད། རབ་བྱུང་བཅུ་གཉིས་པའི་མེ་བྱ་ཕྱི་ལོ་ ༡༧༡༧ ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་ཁྲིར་བཞུགས། ལོ་ངོ་བཅོ་ལྔའི་རིང་འཆད་ཉན་བསྐྱངས། ཁྲི་ཟུར་ནས་དབེན་གནས་བཀྲ་ཤིས་འཁྱིལ་དང་། ཤེལ་དགོན། ཚ་རྒྱལ་སོགས་རྫོང་དཀར་དང་ཁྱད་མེད་དུ་བསྐྱངས། ཞེ་བཞི་པ་རབ་བྱུང་བཅུ་གཉིས་པའི་ས་རྟ་ཕྱི་ལོ་ ༡༧༣༨ ལོར་སྐུ་གཤེགས། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་རབས་བརྒྱད་པ་ཡིན། |