82890
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་ལྕགས་བྱ་ཕྱི་ལོ་ ༡༨༦༡ ལོར་མདོ་སྨད་གཡུ་རྔོག་ཏུ་འཁྲུངས། དགུང་ལོ་དྲུག་པར་སྐུ་གོང་མའི་གདན་སར་བྱོན། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་ལས་རབ་ཏུ་བྱུང་། བདུན་པར་གདན་ས་ནས་སྐྱ་སེར་རྣམས་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་གནང། བཅུ་གསུམ་པར་རོང་པོ་ཐོས་བསམ་གླིང་དུ་ཞུགས། བསྡུས་གྲྭ་ནས་གཞུང་ཆེན་དག་མཁས་པར་སྦྱངས། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་ཁྲིར་ཕེབས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན། རྟེན་བཞེངས་སོགས་ལ་དོ་དམ་མཛད། ཁྲི་ཟུར་རྗེས་རི་ཁྲོད་དག་ཏུ་བཞུགས་ཏེ། སྒོམ་སྒྲུབ་ཉམས་ལེན་བརྩོན། རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ཕྱི་ལོ་ ༡༩༢༢ ལོར་སྐུ་གཤེགས། རྫོང་དཀར་སྐུ་ཕྲེང་ལྔ་བ་ཡིན། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་རབས་ང་གཅིག་པ་ཡིན། |