82891

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོང་དཀར་འཇིགས་མེད་ལུང་རིགས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཤིང་བྱི་ལོ་ཕྱི་ལོ་ ༡༨༠༤ ལོར་ཨ་རིག་ཆུ་སྟོད་མའི་མཚམས་སྐྱོར་ཚོར་འཁྲུངས། དགུང་ལོ་བདུན་པར་གཙང་སྒར་དུ་ཀད་ཀོར་སྤྲུལ་སྐུ་བསྟན་འཛིན་ཆོས་རྒྱ་མཚོ་ལས་རབ་ཏུ་བྱུང་། གུང་ཐང་རིན་པོ་ཆེས་རྫོང་དཀར་སྤྲུལ་སྐུར་ངོས་བཟུང། བཅུ་གསུམ་པར་རོང་པོ་ཐོས་བསམ་རྣམ་རྒྱལ་གླིང་གི་ཆོས་སྒོར་ཞུགས། རིགས་པ་སྨྲ་བ་ཆོས་དར་རྒྱས་པ་དང་། ཤིང་བཟའ་པཎྜི་ཏ། དྲུང་ཡིག་བསོད་ནམས་རྒྱ་མཚོ་སོགས་ལས་སློབ་གཉེར་གྱི་ཞོར་དུ་བཀའ་ཆོས་མང་པོ་གསན། རོང་བོ་རྒྱུད་པའི་ཁྲིར་ལོ་གསུམ་བཞུགས། ཉི་ཤུ་པར་དབུས་སུ་ཕེབས་ཏེ། སྒོ་མང་མཁན་པོ་ངག་དབང་ཚུལ་ཁྲིམས་དང་། ཧོར་བློ་བཟང་མགོན་པོ། རྒྱལ་སྲས་བློ་བཟང་བསྟན་གྲགས། གུང་རུ་བློ་གྲོས་བསྟན་པ་སོགས་བླ་མ་བཅུ་ཕྲག་ཁ་ཤས་ལས་མདོ་རྒྱུད་ཀྱི་གཞུང་ལ་ཞིབ་དཔྱོད་གནང་། ཉེར་ལྔ་པར་ཚེ་ཆོག་བསམ་གཏན་གླིང་དུ་ལྷ་རྩེ་ཡེ་ཤེས་བསྟན་འཛིན་ལས་བསྙེན་པར་རྫོགས། ཕར་ཕྱིན་དམ་བཅའ་བཞག་སྟེ་གཞུང་ས་ནས་སུ་ཙིག་ཐུ་ཨེར་དྷེ་ནོམ་ཆིའི་ཆོ་ལོ་དང་། བཀའ་ཤོག་ཐམ་ག་གྲུ་སྒོར། མཁན་ཆས་ཆ་ཚང་བཅས་གནང་། མདོ་སྨད་དུ་ཕེབས་ཏེ་དཔལ་མང་དཀོན་མཆོག་རྒྱལ་མཚན་དང་། འདན་མ་དཔལ་ལྡན་ཐུབ་བསྟན་རྒྱ་མཚོ། ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེ་སོགས་ལས་ཆོས་རྒྱུན་མང་དུ་གསན། ཉེར་དགུ་པ་རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་ཕྱི་ལོ་ ༡༨༣༢ ལོར་རོང་བོ་ཐོས་བསམ་གླིིང་གི་གདན་སའི་ཁྲིར་བཞུགས། འཆད་ཉན་ལོ་གསུམ་རིང་བསྐྱངས། རྣམ་འགྲེལ་འཛིན་གྲྭ་ཟུར་དུ་ཕྱེས། རྟ་ནག་རྣམ་འགྲེལ་མཐའ་དཔྱོད་ལས་རྩོད་པ་ཆ་ཚང་འགྲོ་དགོས་པའི་བཀའ་ལྟར་མཐའ་དཔྱོད་ཀྱི་དཔར་དང་བཅས་པ་གྲྭ་ཚང་ལ་བཞག། ང་དྲུག་པ་རབ་བྱུང་བཅུ་བཞི་པའི་ས་ལུག་ཕྱི་ལོ་ ༡༨༥༩ ལོར་སྐུ་གཤེགས། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་རབས་སོ་གཉིས་པ་ཡིན། གསུང་རྩོམ་ནི་རྗེའི་རྣམ་ཐར་དང་། རོང་བོའི་གདན་རབས། དབུ་ཕར་སྡོམ་ཚིག་སོགས་བཞུགས།

{{#arraymap:རྫོང་དཀར་འཇིགས་མེད་ལུང་རིགས་རྒྱ་མཚོ་

|; |@@@ | | }}