82892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོང་དཀར་ལུང་རྟོགས་གཏེར་ཆེན་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་ལུག་ཕྱི་ལོ་ ༡༧༣༩ ལོར་མདོ་སྨད་མདོ་བའི་ཡོ་ལག་ཏུ་འཁྲུངས། ཆུང་དུས་ནས་སྐུ་གོང་མའི་གདན་སར་མངའ་གསོལ། ཁྲི་སྤྲུལ་བསྟན་པའི་ཉི་མ་ལས་རབ་ཏུ་བྱུང་། རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས། དབུས་སུ་ཕེབས་ཏེ་སྒོ་མང་ཀླུ་འབུམ་ཁང་ཚན་དང་བིས་མདོའི་མི་ཚན་ཉིས་འཛིན་གྱིས་བཞུགས་གནས་ལྕང་སྐྱ་ར་སྐོར་བྱས་ཏེ། འབྲས་སྤུངས་ཚོགས་ཆེན་གྱི་བླ་མ་མཛད། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལས་གསུང་ཆོས་མང་དུ་ཞུས། གཞུང་བཀའ་པོད་ལྔར་མཁས་པར་སྦྱངས། ཉེར་ལྔ་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས། དབུས་གཙང་ནས་གསང་ཆེན་བསྟན་པའི་བདག་པོར་མངའ་གསོལ། རྒྱལ་བ་འཇམ་དཔལ་རྒྱ་མཚོས་སུ་ཙིག་ཐུ་ཨེར་ཏེ་ནི་ནོ་མིན་ཧན་ཞེས་པའི་མཚན་ལུང་དང་བཀའ་ཤོག གདུགས་རྟ་དར། རྒྱ་གླིང་ཆ། སྐུ་གསུང་ཐུགས་རྟེན། ན་བཟའ་སྣམ་གོས་བཅས་ཀྱི་བདག་རྐྱེན་དང་། གཞུང་ས་ཆེན་པོ་སོགས་ནས་བཀུར་བཟོ་ཆེན་པོ་བྱས། ཕྱིར་རང་ཡུལ་དུ་ཕེབས་ཏེ་སྦྲ་ནག་ཁ་གསུམ་གྱི་དམག་མང་པོས་ཟི་ལིང་ལ་གཙེས་སྐབས་ཐབས་མཁས་ཀྱིས་ཆིངས་ཡིག་མཛད། པེ་ཅིན་ཕོ་བྲང་དུ་བྱོན་སྐབས་ཇུན་གན་ཡ་མོན་ནས་མ་ཎི་བླ་མ་ཧོ་ཐོག་ཐུ་ཞེས་པའི་ཆོ་ལོ་དང་། གསེར་ཐམ་གྲུ་སྒོར། གསེར་འབྲུག་བདུན་གྱིས་བཏེགས་པའི་པད་རག་གི་ཏོག གོས་ཆེན་ཡུག་གཉིས། བྱུ་རུའི་ལས་ཕྲེང་། ལས་ལྭ་བཅས་གནང་། ཕོ་བྲང་པེ་ཅིན་ནས་ཟངས་མ་ཁལ་ཆེན་བདུན་དང་། བཟོ་བོ་མི་ལྔ་བཅས་གདན་དྲངས་ཏེ་འཇམ་དབྱངས་ཀུན་གཟིགས་ཐོག་ཚད་ཕྱེད་དང་གཉིས་ཡོད་པ་བཞེངས། རྒྱ་བོད་ཧོར་གསུམ་གྱིས་གཙུག་ཏུ་བཀུར། རེ་བཞི་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕག་ཕྱི་ལོ་ ༡༨༠༣ ལོར་སྐུ་གཤེགས། རྫོང་དཀར་སྐུ་ཕྲེང་གསུམ་པ་ཡིན།

{{#arraymap:རྫོང་དཀར་ལུང་རྟོགས་གཏེར་ཆེན་བསྟན་པའི་ཉི་མ་

|; |@@@ | | }}