82902
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚང་གསར་རྡོ་རྗེ་འབུམ་གྱིས་སྙིང་ཐང་དུ་སྲིད་ཀྱི་མཛད་པ་སྐྱོང་སྐབས་བེ་རུའི་དམག་སླེབས་ནས་ལྕི་ལ་གོང་དུ་གནས་འཕོས་ཏེ་རྫོང་མཁར་པོ་ཆེར་གྲགས་པ་བརྩིགས་པས་དེར་གྲགས། དེ་ནས་བཟུང་ཚང་གསར་གྲྭ་ནང་དུ་ཆོས་སྲིད་རིམ་པར་བསྐྱངས་པས་ཆོས་བརྒྱུད་དང་རིགས་རྒྱུད་གཉིས་ཀ་དེང་སང་གི་བར་དུ་ཡོད། འདི་ནི་ནང་ཆེན་རྫོང་ལྕི་ཉིན་སྲིབ་ཤང་གི་ཤར་ཕྱོགས་སུ་ཡོད་པ་ཡིན། |