83017
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གསང་སྔགས་སྤྱི་སྤུངས་བསྙེན་བསྒྲུབ་ཀྱི་སྐབས་སུ་ཉེ་བར་སྤྱད་བྱ་སྟེ། ལྷའི་གཞལ་ཡས་སུ་བསྐྱེད་ཅིང་ལྷ་ཚོགས་སྤྱན་འདྲེན་ཞིང་བསྟིམ་གཞིའི་བུམ་པ་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། ཏིང་འཛིན་ལྔའི་འཕྲོ་འདུ་ཡིས། །བུམ་པའི་རང་བཞིན་གཞལ་ཡས་ཁང་། །ཕྱག་རྒྱ་ཕྱི་ནང་གསང་རྫོགས་ཤིང་། །བྱིན་རླབས་དངོས་གྲུབ་ནུས་པར་ལྡན། རླབས་ཆེན་སྟོབས་འགྱུར་བུམ་པའོ། །ཞེས་པས། དཀྱིལ་འཁོར་གང་གི་ཕྱི་རྫས་ཀྱི་བུམ་པ་དེ་ཉིད་ལ་རྟོགས་པ་དང་ཏིང་ངེ་འཛིན་ལྔ་ཡིས་ངོ་བོའམ་རང་བཞིན་ལྷའི་གཞལ་ཡས་སུ་བསྐྱེད་ཅིང་། བསྒྲུབ་བྱ་ཕྱག་རྒྱ་བཞི་ལྡན་གྱི་ཡི་དམ་ཕྱི་ནང་གསང་བ་གང་འོས་ཀྱི་ལྷ་ཚོགས་རྫོགས་ཤིང་བྱིན་རླབས་དངོས་གྲུབ་མཐུ་དབང་དང་བཅས་པ་ལྡན་པར་བསྐྱེད་ཅིང་བསྟིམ་པ་དེ་ལ་བྱའོ། །བུམ་པའི་ངེས་ཚིག་ནི། དེ་ཉིད་ལས། བུམ་ནི་གཞལ་ཡས་གསས་ཁང་ལྡན། །པ་ནི་ལྷ་ཡི་དཀྱིལ་འཁོར་རྫོགས། །ཞེས་སོ། ། |
| Domain | ཆོས་ལུགས། |