From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རླུང་ (1)
| Part of speech
|
མིང་ཚིག
|
| Definition
|
ས་ངོས་ལ་ཉེ་བར་གཡོ་འགུལ་བྱེད་པའི་མཁའ་དབུགས་སམ། ང་ཚོས་རྔུབ་བཞིན་པའི་མཁའ་དབུགས།
|
| Example
|
རླུང་འཚུབ་ཀྱིས་ཐལ་རྡུལ་གཙུབ་ཅེས་པ་ལྟ་བུ།
|
རླུང་ (2)
| Part of speech
|
མིང་ཚིག
|
| Definition
|
འཚིག་པ་དང་། ཁྲོ་བའི་དོན།
|
| Example
|
རླུང་ལངས་ནས་ཚིག་རྩུབ་སྣ་ཚོགས་བཤད་ཅེས་དང་། རླུང་མ་ལངས་ཞེས་པ་ལྟ་བུ།
|
རླུང་ (3)
| Part of speech
|
མིང་ཚིག
|
| Definition
|
འབྱུང་བ་རླུང་དང་ནམ་མཁའི་ཁམས་ལས་བྱུང་བའི་ལུས་ཀྱི་ཆ་ཤས་ཡོངས་ལ་ཟེར་ཞིང་ཁམས་ཀྱི་རང་བཞིན་དང་ཆོས་མཚུངས་པའི་མཚན་ཉིད་དྲུག་དང་ལྡན་པ། ཡུལ་ལུས་སྨད་ཀྱི་དཔྱི་སྐེད་ལ་གནས་ཤིང་རྣམ་པར་མ་གྱུར་ན་དབུགས་འབྱིན་རྔུབས་དང༌། ལས་ལ་བསྐྱོད་པ། ཤུགས་འབྱིན་པ། ཁྲག་ལ་སོགས་པའི་དྭངས་མ་རྣམས་རང་རང་གི་གནས་སུ་སྐྱེལ་བ། མིག་ལ་སོགས་པའི་དབང་པོ་གསལ་བ། སེམས་ཀྱི་བྱ་བ་རྗེས་སུ་འཛིན་པ་སོགས་ཀྱི་བྱ་བ་བྱེད་ཅིང་གཞན་དུ་རྣམ་པར་གྱུར་ན་སྲོག་རྩ་དཀར་ནག་གི་ཆར་གཏོགས་པའི་ནད་ཀུན་ཀྱང་འདི་ལས་བྱུང་བ་ཡིན།
|
| Example
|
ཕོ་རླུང༌། སྙིང་རླུང༌། འོག་རླུང༌། ཁྲག་རླུང༌ཞེས་པ་ལྟ་བུ།
|
| Domain
|
གསོ་རིག
|
རླུང་ (4)
| Part of speech
|
མིང་ཚིག
|
| Definition
|
རྩ་ཐིག་རླུང་གསུམ་གྱི་ཟླས་ཕྱེ་བའི་རླུང་སྟེ། ལུས་ཀྱི་རྩ་ཐམས་ཅད་དུ་ཁྱབ་པའི་འབྱུང་ལྔའི་རང་བཞིན་ཅན། མི་ཤིགས་པ། ཆ་ཤས་ཀུན་ཚང་བ། དེ་ཉིད་གཡོ་བའི་ཆ་ནས་རླུང་ཞེས་བྱའོ། །
|
| Domain
|
ཆོས་ལུགས།
|
རླུང་ (5)
| Part of speech
|
མིང་ཚིག
|
| Definition
|
ནུབ་བྱང་བར་གྱི་མཚམས་ཀྱི་མིང་སྟེ། རླུང་ལྷ་ནུབ་བྱང་བར་གྱི་མཚམས་སུ་གནས་པས་ནའོ། །
|
| Type
|
མངོན་བརྗོད།
|