83048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རླུང་ཁམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འབྱུང་བ་བཞིའི་ཡ་རྒྱལ་གཅིག་སྟེ། མཚན་ཉིད། ཡང་ཞིང་གཡོ་བ་རླུང་ཁམས་ཀྱི་མཚན་ཉིད་ཡིན་ཏེ། མཆིམས་མཛོད་ལས། ས་ལ་སོགས་པའི་མཚན་ཉིད་གང་ཞེ་ན། སྲ་ཞིང་འཐས་པ་དང༌། རླན་ཞིང་གཤེར་བ་དང༌། དྲོ་བ་ཉིད་དང༌། ཡང་ཞིང་གཡོ་བ་རྣམས་ཏེ་གོ་རིམ་བཞིན་ནོ། །ཞེས་དང། མཛོད་རྩ་བ་ལས། འབྱུང་བ་དག་ནི་ས་ཁམས་དང་། །ཆུ་དང་མེ་དང་རླུང་ཁམས་རྣམས། །འཛིན་པ་ལ་སོགས་ལས་སུ་གྲུབ། །ཞེས་གསུངས། དོན་གཅིག་ལ། རླུང། འབྱུང་བ་རླུང། རླུང་གི་ཁམས་རྣམས་སོ། །
Domain ཆོས་ལུགས།