83070
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མངོན་པ་མཛོད་པ་ལས་བཤད་པའི་མི་མཇེད་འཇིག་རྟེན་སྣོད་ཀྱི་རྟེན་དཀྱིལ་འཁོར་གསུམ་གྱི་ཡ་གྱལ་ཏེ། སྣོད་ཀྱི་འཇིག་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་གནས་པར་འདོད་པའི་འོག་དག་གི་གཞི་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ནམ་མཁའ་ལ་བརྟེན་པའི་རླུང་གི་དཀྱིལ་འཁོར་མངོན་པར་གྲུབ་པ་དེའོ། །དེའི་རྔམས་སུ་ནི་དཔག་ཚད་ས་ཡ་དང་དྲུག་འབུམ། རྒྱར་ནི་གྲངས་མེད་དོ། །ཚན་པོ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པར་སྲ་བ། དེའི་མིང་འཇམ་པོ་ཞེས་བྱ་ལ། དབྱིབས་ཟླུམ་པོ་དང༌། ཁ་དོག་སྣ་ཚོགས་པའམ། ཁ་ཅིག་སྔོ་སྐྱར་འདོད་ལ། རྒྱར་གྲངས་མེད་ཅིང༌། རྔམས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ་ཡོད་པའོ། ། |
| Domain | ཆོས་ལུགས། |