83085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རླུང་གི་འཁོར་ལོ་ (1)
Part of speech མིང་ཚིག
Definition དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཁ་པར་བཞུགས།
རླུང་གི་འཁོར་ལོ་ (2)
Part of speech མིང་ཚིག
Definition བོན། ཕྱག་ཆ་ཞིག་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། གཡོན་པས་རླུང་གི་འཁོར་ལོ་འཛིན། ཞེས་སོ། །དེ་ཡང་རང་འབྱུང་ཁམས་ཀྱི་རླུང་ནི་དབང་བསྒྱུར་བའི་འཁོར་ལོའམ། འཁོར་ལོ་ལྗང་གུ་ཞིག་ཡིན་ཏེ། བདེ་བར་གཤེགས་པའི་ཐུགས་རྟེན་ཕྱག་མཚན་གྱི་ངོས་འཛིན་གསལ་བྱེད་ཉི་མ་ལས། རླུང་གི་འཁོར་ལོ་ནི། འཁོར་ལོ་ལྗང་ཁུ་ཞིག་གོ ། ཞེས་སོ། །
Domain ཆོས་ལུགས།