83174

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རླུང་རྟ་ཁ་སྦུབ་རྟ་དམར་གྱི་ལས་མཐའ་ (1)
Part of speech མིང་ཚིག
Definition རླུང་རྟ་ཁ་སྦུབ་རྟ་དམར་གྱི་ལས་མཐའ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཕུང་གཤེད་རླུང་རྟ་ཁ་སྦུབ་གནད༔ ཁྱད་པར་བྱ་སླ་འདི་ཉིད་ཟབ༔ གཏེར་ཁ་མང་དུ་སྦས་ཏེ་བཞག༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གུང་ཐང་མཁར་ནས་གདན་དྲངས། འདིའི་ནང་དོན་ལ། རྫས་སྔགས་ལ་བརྟེན་ནས་མི་ངན་བསོད་ནམས་དང་དྲེགས་པས་ཁེངས་ཤིང་རང་བསྟོད་དང་གཞན་དམོད་བྱེད་པའི་ཕྲག་དོག་ཅན་དེ་དག་གི་རླུང་རྟ་དང་བསོད་ནམས་སྦུབ་པའི་ཐབས་བསྟན།