83190

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རླུང་ལྔ་ (1)
Part of speech མིང་ཚིག
Definition སྨན་རྒྱུད་སོགས་ལས་བཤད་པའི་ལུས་ཀྱི་རྩ་བའི་རླུང་སྲོག་འཛིན་དང༌། ཐུར་སེལ། གྱེན་རྒྱུ། མཉམ་གནས། ཁྱབ་བྱེད་དེ་ལྔ།
Domain གསོ་རིག
རླུང་ལྔ་ (2)
Part of speech མིང་ཚིག
Definition སྔགས། རྩ་བའི་རླུང་ལྔ། ཐུར་དུ་སེལ་བ་ལིངྒ་པ་པའམ་བཤང་ལམ་དུ་གནས། ལས་འོག་སྒོའི་ལས་བྱེད། མེ་མཉམ་པའི་རླུང་ལྟེ་བར་གནས། ལས་ལུས་ཀྱི་དྲོད་སྐྱེད་པར་བྱེད། སྲོག་འཛིན་པར་བྱེད་པའི་རླུང་སྙིང་ཁར་གནས། ལས་རླུང་སེམས་མི་འབྲེལ་བར་བྱེད། གྱེན་དུ་རྒྱུ་བའི་རླུང་མགྲིན་པར་གནས། ལས་ངག་གི་ལས་བྱེད། ཁྱབ་བྱེད་ཀྱི་རླུང་སྤྱི་ཚིགས་དང་བ་སྤུའི་བུ་ག་ལ་གནས།ལས་ནི་ལུས་ཀྱི་རྐང་ལག་བརྐྱང་བརྐུམ་ལ་སོགས་པ་བྱེད།
Domain ཆོས་ལུགས།