83211
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྔུབ་དང་དགང་དང་གཞིལ་བ་དང་། མདའ་ལྟར་འཕང་དང་རྣམ་བཞིའོ། །ཞེས་གསུངས་ཏེ་དེ་ལ་དང་པོ་ཕྱི་ནང་གི་རླུང་མཚམས་བཅད་པ་ནི། རླུང་དྲག་ཏུ་ལན་གསུམ་ཕྱིར་འབུད་ལ། དེ་དང་འགྲོགས་ལ་ནང་དུ་རྔུབ་པ་དལ་བ་ཡིན། དགང་པ་ནི། རྩ་གཡས་གཡོན་གཉིས་ནས་མར་ལུག་བརྒྱུད་ཀྱི་ཕྲུ་མ་ཕུས་བཏབ་པ་བཞིན་སྔོ་ཏེ་རེ་རེ་སོང་ནས་ཆོས་འབྱུང་ནང་གི་ཁྲག་གི་གཏུམ་མོ་སྲན་མའི་ཕྱེད་ཚལ་ཙམ་མམ། ཡང་ན་ཨ་ཐུང་ལ་བུས་པས་རྒྱ་སྐག་མེར་བསྲེགས་པའམ། ལྕགས་ཀྱི་གོང་བུ་མེར་བསྲེགས་པ་ལྟར་དམར་ལྷབ་ལྷབ་བྱེད་པར་བསམ་མོ། །གཞིལ་བ་ནི། རླུང་མི་ཐུབ་ཙ་ན་སུམ་ཆ་ཙམ་ཞིག་སྣ་ནས་དལ་གྱིས་བཏང་། ཡང་རྔུབ། དེ་བཞིན་ཏུ་ཡང་ཡང་བྱ་བ་ནི་གཞིལ་བའོ། །མདའ་ལྟར་འཕང་པ་ནི། རླུང་ཏར་གྱིས་གཏོང་བའི་དུས་སུ་དམིགས་པ་ནི་སྤྱི་བོའི་ཚངས་པའི་བུ་ག་ནས་རླུང་ཡར་སྔོ་བུན་བུན་སོང་བར་བསམ་མོ། ། |
| Domain | ཆོས་ལུགས། |