From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལ་ (1)
| Part of speech
|
མིང་ཚིག
|
| Definition
|
བོད་ཡིག་གསལ་བྱེད་ཉེར་དྲུག་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་སོ་དང༌། བྱེད་པ་ལྕེ་རྩེ། སྒྲ་འབྱིན་ཚུལ་ཆེས་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མོ་གཤམ་གྱི་ཡི་གེ་ཞིག
|
ལ་ (2)
| Part of speech
|
མིང་ཚིག
|
| Definition
|
རི་འདབས་ནས་ཡར་རི་རྩེ་བར་གྱི་གྱེན་ངོས་སམ། ས་ཆ་དམའ་ས་ནས་ཡར་མཐོ་ས་བར་གྱེན་དུ་གསེག་ཡོད་པའི་ཟུར་ངོས།
|
| Keyword
|
True
|
| Example
|
ལ་རེ་ཐུར་རེ་མ་བརྒྱབ་ན། བདེ་མོའི་ཐང་ལ་ཐོན་རྒྱུ་མེད་ལྟ་བུ།
|
| Antonyms
|
ཐུར། ཕྲད་ཚིག
|
ལ་ (1)
| Part of speech
|
མིང་ཚིག
|
| Definition
|
ལས་སུ་བྱ་བ་ལ་འཇུག་པ། ལ་དོན་གྱི་ལ་ཡིག་སྦྱར་བའི་གཞི་དེ་ལ། བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་། བྱེད་འགྱུར་གང་རུང་སྟོན་པ་ལ་འཇུག་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ།
|
| Keyword
|
True
|
| Example
|
ཤར་ཕྱོགས་ལ་འགྲོ། རང་ཁྱིམ་ལ་བསྡད་ལྟ་བུ།
|
ལ་ (2)
| Part of speech
|
མིང་ཚིག
|
| Definition
|
དགོས་ཆེད་ལ་འཇུག་པ། ལ་ཡིག་སྦྱར་བའི་ཚེ་ན། བྱེད་པ་པོ་ཅི་རིགས་ཤིག་གིས་རང་གི་དགོས་པའམ་བྱ་བའི་ཡུལ་གྱི་དགོས་པ་ཞིག་བསྒྲུབ་པའི་ཆེད་དུ་བྱ་བ་ཞིག་བྱེད་པར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ།
|
| Keyword
|
True
|
| Example
|
ནད་པ་ལ་སྨན་བྱིན། མེ་ཏོག་ལ་ཆུ་འདྲེན་ལྟ་བུ།
|
ལ་ (3)
| Part of speech
|
མིང་ཚིག
|
| Definition
|
རྟེན་གནས་ལ་འཇུག་པ། ལ་ཡིག་སྦྱར་ཚེ་དངོས་པོ་གང་ཞིག་གང་དུ་ཡོད་པར་སྟོན་པར་བྱེད་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ།
|
| Keyword
|
True
|
| Example
|
ཐབ་ལ་མེ་ཡོད། ཁང་ཐོག་ལ་དུད་ཁུང་ཡོད་ལྟ་བུ།
|
ལ་ (4)
| Part of speech
|
མིང་ཚིག
|
| Definition
|
དེ་ཉིད་ལ་འཇུག་པ། ལ་དོན་གྱི་ལ་ཡིག་སྦྱར་ས་དེའི་ངོ་བོར་གྲུབ་པའམ་དེ་ཉིད་དུ་ངེས་པར་སྟོན་པ་དོན་གྱི་ཆ་ནས་ཡུལ་དང་བྱ་བ་སོ་སོར་འབྱེད་དུ་མེད་པ་ཞིག་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ།
|
| Keyword
|
True
|
| Example
|
ཇེ་གསལ་ལ་བཏང། བདེན་པ་ལ་གནས་ལྟ་བུ།
|
ལ་ (5)
| Part of speech
|
མིང་ཚིག
|
| Definition
|
ཚེ་སྐབས་ལ་འཇུག་པ། དུས་དང་སྐབས་སྟོན་པའི་མིང་མཐར་ལ་ཡིག་སྦྱར་ནས། བྱ་བ་གང་ཞིག་གམ་འགྱུར་ལྡོག་གང་ཞིག་དུས་སྐབས་ག་འདྲ་ཞིག་ལ་བྱེད་པའམ་འབྱུང་བ་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ཐམས་ཅད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་གོ།
|
| Keyword
|
True
|
| Example
|
ཚེས་བཅོ་ལྔ་ལ་གྲོངས། ནམ་གུང་ཙམ་ལ་འབྱོར་ལྟ་བུ།
|
ལ་ (6)
| Part of speech
|
མིང་ཚིག
|
| Definition
|
ཚིག་སྔ་ཕྱི་གཉིས་ཀྱི་མཚམས་སྦྱོར་དུ་འཇུག་པ་སྟེ།
|
| Keyword
|
True
|
| Example
|
རྩམ་པ་ལྡོད་ལ་མིད། གླུ་ལོངས་ལ་གར་རྩེན་ལྟ་བུ།
|
ལ་ (7)
| Part of speech
|
མིང་ཚིག
|
| Definition
|
དོན་རྐྱེན་གསལ་བྱེད་དུ་འཇུག་པ་ནི།
|
| Keyword
|
True
|
| Example
|
རྒྱལ་པོའི་ཆད་པ་ལ་བྲོས་ལྟ་བུ།
|
ལ་ (8)
| Part of speech
|
མིང་ཚིག
|
| Definition
|
བྱེད་རྒྱུ་གསལ་བྱེད་དུ་འཇུག་པ།
|
| Keyword
|
True
|
| Example
|
དངུལ་དཀར་སྟོང་ཕྲག་གཅིག་ལ་བྱམས་པའི་སྐུ་བཞེངས་ལྟ་བུ་སྟེ། དངུལ་དཀར་སྟོང་ཕྲག་གཅིག་གིས་བྱམས་པའི་སྐུ་བཞེངས་ཞེས་པ་དང་དོན་གཅིག་གོ།
|
ལ་ (9)
| Part of speech
|
མིང་ཚིག
|
| Definition
|
བརྗོད་གཞི་ངོས་འཛིན་པའི་དོན་དུ་འཇུག་པ་ནི།
|
| Keyword
|
True
|
| Example
|
དགའ་བའི་ལུས་ལ་རང་དབང་མེད། སྐྱིད་པའི་སེམས་ལ་དྲན་འཛིན་མེད་ལྟ་བུ།
|