From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མུན་གྱི་ནགས་ཚལ་གྱི་སྒོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། སིངྒ་ལ་ཞེས་བྱ་བ། ཆོས་སྐྱོང་ཞེས་བྱ་བ། དོན་གྲུབ་ཅེས་བྱ་བ། གཞན་ལས་རྒྱལ་ཞེས་བྱ་བ། གླང་རྣ་ཞེས་བྱ་བ། དབྱིག་རྣ་བ་ཞེས་བྱ་བ། ཆོས་ལྡན་ཞེས་བྱ་བ། ཆོས་འཕགས་ཞེས་བྱ་བ།
|
| Domain
|
ཆོས་ལུགས།
|
གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། གནོད་སྦྱིན་བརྒྱད་ནི་གང་བ་བཟང་པོ་སྔོན་པོ། ནོར་བུ་བཟང་པོ་སེར་པོ། ནོར་སྦྱིན་དམར་པོ། རྣམ་ཐོས་སྲས་སེར་པོ། པི་ཙི་ཀུཎྜ་ལི་དམར་པོ། ཀེ་ལི་མཱ་ལི་ལྗང་གུ། སྒོ་ཡི་དབང་པོ་སེར་པོ། སྤྱོད་པའི་དབང་པོ་སེར་པོ་རྣམས་ཕྱག་གཡས་ན་བི་ཛ་པཱུ་ར་དང་གཡོན་ནེའུ་ལེ་འཛིན་པ། གནོད་སྦྱིན་གྱི་འཁོར་དུ་མས་བསྐོར་བའོ། །དཔེ་ཁ་ཅིག་ན་གང་བ་བཟང་པོའི་འཕྲོར་རྒྱལ་བ་ཁྲུ་མཆོག ཡང་དག་ཤེས། ལྔས་རྩེན་གྱིས་བསྐོར་བ་སེར་པོ་བྱང་ངོས་སུ་བཀོད་ཟེར་བའང་འདུག བྱང་སྟོད་དུ་ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན། ཤར་ལྷོར་དྲང་སྲོང་རྒྱས་པ་དང་གར་ལྡན་གྱི་བུ་གཉིས་སོ། །དེ་རྣམས་སངས་རྒྱས་ཉིད་འཇིག་རྟེན་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་དང་དེའི་རྣམ་པར་སྤྲུལ་ནས་གདུལ་བ་སོ་སོའི་དོན་མཛད་པའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
|