83287

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་ཕག་དགོན་ནམ་ན་ཕག་དགོན་ (1)
Part of speech མིང་ཚིག
Definition དགོན་པ་འདི་བྲག་གཡབ། རྔ་བརྒྱུད་སྟོད་པ་གཙང་སར་གྲོང་རྡལ། ལྷ་སྲུང་རྫོང་མགོ་ཡུལ་པ་རྫོང་མགོ་གྲོང་ཚོའི་རི་སྡེབས་སུ་ཆགས་ཡོད། ན་ཕག་དགོན་ནི་རྒྱལ་བ་མདོ་ཁམས་སྤྲུལ་དྲུག་པ་བསྟན་པའི་ཉི་མའི་དངོས་སློབ་རྟའུ་གྲུབ་ཐོབ་ནས་ཕྱག་བཏབ་པ་ཞིག་ཡིན་པ་དང་། རྒྱ་དམར་གྱི་ཉམས་ཉེས་འོག་ནས་གྲུབ་ཐོབ་རིན་པོ་ཆེ་སྐུ་དཀྲོང་། དགོན་པའི་གྲྭ་ཟུར་རྣམས་ཀྱིས་དགོན་ས་ཟིན་ནས། དེ་ཙམ་འཐོར་ཞིག་སུ་མ་སོང་བར་ཉར་ཐུབ་ཡོད། དགོན་འདིའི་གྲ་ཟུར་རྒན་པ་ཁ་ཤས་ཀྱིས་དབུས་པའི་བཙུན་མ་རྣམས་ཀྱིས་ཆོས་དད་རང་མོས་ཀྱིས་སྲིད་ཇུས་གུ་ཡངས་ཐོབ་ནས། དགོན་པ་ཞིག་གསོ་དང་ཉེར་ལྔ་ཚེས་བཅུ་སོགས་མ་ཆད་པར་རྒྱུན་འཁྱོང་བྱས་འདུག ཕྱི་ལོ་ ༡༩༨༦ ལོར་གྲུབ་ཐོབ་ཡང་སྲིད་གདན་སར་ཁྲི་གསོལ་ཞུས་ནས་བཙུན་མ་རྣམས་ལ་རང་ལུགས་འབྲུག་པའི་སྔོན་འགྲོ་བསགས་སྦྱོང་ནས་བཟུང་སྔོན་གྱི་བཀའ་བརྒྱུད་གོང་མའི་རྗེས་ཤུལ་དངོས་སུ་བཟུང་ནས། བྲག་གཡབ་གནས་པོ་རྡོ་རྗེ་གུར་མགོན་གྱི་མདུན་ངོས་གཡའ་ཁྲོད་ནང་དུ། རྡོ་ཁང་དང་། སྤོ་ཁང་རས་གུར་སོགས་ལ་བརྟེན་ནས་ཉམས་ལེན་གནང་ནས། བཙུན་མ་དྲུག་ཅུ་རྩ་གྲངས་དང་ད་ལྟའི་བར་དུ་འབྲུག་པ་བཀའ་བརྒྱུད་པའི་བཙུན་དགོན་ཡག་ཤོས་ཤིག་ཏུ་གྱུར་བཞིན་པའི་སྒང་ལ་བློ་བུར་དུ་གྲུབ་ཐོབ་ཡང་སྲིད་དགོངས་པ་གཞན་དོན་དུ་གཤེགས། དགོན་པའི་མལ་དུ་མི་སེར་ཁྱིམ་པས་སྤྱི་ལོ་༡༩༥༩ རྒྱ་དམར་གྱི་ཉམས་ཉེས་སྐབས་ནས་གྲྭ་ཤག་གི་ནང་དུ་གཞིས་ཆགས་པའི་ཁྱིམ་པ་མང་པོ་བྱུང་བར་བརྟེན། སྔར་གྱི་དགོན་སར་ཆགས་ཡུལ་ཟད་ནས། དེང་སྐབས་མ་དགོན་ཁམས་པ་སྒར་གྱི་རྒྱབ་བསྐྱོར་འོག་ཁམས་པ་སྒར་དང་ཉེ་བའི་གནས་ཞིག་ཏུ་གདན་ས་གནས་སྤོ་མཛད་དེ་བཙུན་མ་རྣམས་གཙོ་བོ་སྒྲུབ་པ་ཉམས་བཞེས་གནང་བཞིན་པ་བཅས་ཡིན་འདུག

{{#arraymap:ལ་ཕག་དགོན་ནམ་ན་ཕག་དགོན་

|; |@@@ | | }}