83290
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དགུ་པའི་སྨད་དུ་གཙང་ཕྱོགས་སུ་འཁྲུངས། ཆུང་དུས་ནས་བཀྲ་ཤིས་ལྷུན་པོར་ཞུགས། དཀྱིལ་ཁང་བློ་བཟང་སྦྱིན་པ་ལས་ཡི་གེའི་སྦྱོར་ཀློག་དང་། གཞུང་བཀའ་པོད་ལྔར་དཔྱིས་ཕྱིན་པར་སྦྱངས། དངུལ་ཆུ་བློ་བཟང་འཇིགས་མེད་དབང་པོ་བསྟེན། མདོ་སྔགས་ཀྱི་དབང་ལུང་མང་དུ་ཞུས། སྟོད་ལ་ཕྱིར་ཕེབས། དབེན་པའི་རི་ཁྲོད་འགྲིམས། སྒྲུབ་པ་ཉམས་ལེན་ལ་བརྩོན། གསུང་རྩོམ་ནི་བདེ་ལམ་གྱི་དམིགས་ཁྲིད་ཀུན་ཕན་ཉི་མའི་འོད་ཟེར་དང་། མཁའ་སྤྱོད་མའི་དམར་ཁྲིད་ཕྱི་ནང་གསང་གསུམ་དྭངས་ཤེལ་མེ་ལོང་། སྙན་བརྒྱུད་རྗེ་བཙུན་ཁྲོས་མ་ལྷ་ལྔའི་སྒྲུབ་ཐབས་ཀྱི་ཁྲིད་ཡིག་གསེར་གྱི་ལྡེ་མིག་བཅས་པོད་གཉིས་བཞུགས། མཚན་གཞན། ངག་དབང་སྦྱིན་པ་ཚུལ་ཁྲིམས། |