83305

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་བཟླ་བ་བཞི་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉི་ཤུ་པ་རྫོགས་ཆེན་ཨ་ཏིའི་ལྟ་བ་གཏན་ལ་ཕབ་པ་ལས་བྱུང་བ་སྟེ། ༡ གཤིས་མཁའ་མཉམ་དུ་ལ་བཟླ་བ་ནི། སྤང་གཉེན་བྲལ་ཐོབ་དམིགས་གཏད་རེ་དོགས་དོར། །ཞེས་དེའང་སེམས་ཉིད་ཡེ་ནས་སངས་རྒྱས་ལ་ད་གཟོད་དག་པར་བྱར་མེད་པས་བླང་དོར་གྱི་ཞེན་པ་མི་དགོས་ཏེ། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་པར་གྱིས། །བླང་དོར་མེད་པའི་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །ཞེས་སོ། །༢ རྟོགས་དུས་ངེས་པས་ཕྱམ་གཅིག་ཏུ་ལ་བཟླ་བ་ནི། རིག་པར་རྐྱེན་ཤར་རླབས་བཞིན་ཆོས་སྐུར་གཅིག ། ཅེས་རང་གི་སེམས་འཕོ་འགྱུར་མེད་པའི་ངང་དུ་དགའ་མི་དགའ་དང་བདེ་སྡུག་ལ་སོགས་པའི་རྣམ་པ་ཅི་ཤར་ཡང་སྐད་ཅིག་དེ་ལ་དེར་འཛིན་མེད་པར་རང་གིས་རང་གྲོལ་བས་གཉེན་པོ་གཞན་ཅིང་དུས་ལ་སྔ་ཕྱི་མེད་པས་སྐད་ཅིག་རང་གྲོལ་ནི། ཀུན་བྱེད་ལས། གྲོལ་བ་རང་གྲོལ་གཞན་ལས་མིན། །ཞེས་པ་དང་། མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ལས། སྐད་ཅིག་གྲོལ་དེ་དེ་ལ་ཆོས་ཀྱི་སྐུ་ཞེས་བྱ། །གྲོལ་བས་དེ་ལས་གཞན་པའི་བདེ་ཆེན་སུ་ཡོད་ཅེས། །བྱིས་པ་རྣམས་ཀྱིས་སྨྲས་ཀྱང་སྨིག་རྒྱུའི་ཆུ་དང་མཚུངས། །ཞེས་སོ། །༣ བལྟ་བྱ་ལྟ་བྱེད་དང་བྲལ་བར་བཟླ་བ་ནི། བལྟ་བྱ་ལྟ་བྱེད་མ་གྲུབ་སྤྲོས་བྲལ་སྟོང་། །ཞེས་ཇི་ལྟར་ཤར་པ་དེ་ལ་བལྟས་པས་བལྟ་མཁན་རང་སར་བོར་ནས་གང་དུ་བོར་བཙལ་བས་ཕྱོགས་དང་ཡུལ་ན་མེད་པར་མ་ཟད་འཚོལ་མཁན་དེ་ཉིད་ཀྱང་མི་དམིགས་པར་ཆམ་བརྡལ་བས་ཚོལ་བར་བྱེད་མཁན་ཤེས་པ་དང་། བཙལ་བྱའི་དགག་སྒྲུབ་གཉིས་ཀ་རྗེས་མེད་དུ་སོང་ནས་ཅི་ཡིན་ངོས་གཟུང་མེད་པ་ནི་ཁོ་བོའི་སེམས་ཏེ་ནམ་མཁའ་ལྟ་བུ་ནི། ཀུན་བྱེད་ལས། མི་གནས་མི་རྟོག་ཅིར་ཡང་དགོངས་མེད་པས། །མི་རྟོག་མཉམ་པའི་ཡུལ་ལ་རང་བཞིན་གནས། ཡེ་ནས་བྱས་ཟིན་རྩོལ་བའི་སེམས་མི་འབྱུང་། །བདེ་ཆེན་དེ་ལ་གང་སུ་གནས་པ་ནི། །ཆོས་རྣམས་ཀུན་གྱི་སྙིང་པོར་དེ་འགྱུར་རོ། །ཞེས་པ་ཐོག་ཏུ་ཕེབས་སོ། །༤ གཞི་ཐོག་ཏུ་ཕེབས་པས་བལྟ་བའི་གནས་མེད་པར་ལ་བཟླ་བ་ནི། གང་ཤར་གཞིར་གྲོལ་མཁའ་འདྲའི་རྟོགས་པ་གཙོ། །དེའང་གང་གཞི་ཐོག་ཏུ་གྲོལ་བ་མཁའ་ལ་སྤྲིན་དེངས་པ་འདྲ་བའི་རྟོག་པ་སྐྱེས་པ་དེའི་ཚེ་སེམས་ཉིད་གདོད་མའི་དབྱིངས་དང་རང་ཤར་རང་གྲོལ་གྱི་ཡེ་ཤེས་འདྲེས་པས། སེམས་ཉིད་གནས་ལུགས་ཀྱི་ངང་ལས་ཕྱིར་ལྡོག་པའི་སའམ་གནས་མེད་པ་ནི་ཆོས་ཟད་པའི་ས་ལ་ཐུག་པས་འཕྲལ་བྱུང་དགག་སྒྲུབ་ཀྱི་ཤེས་པ་དངོས་པོ་མཚན་འཛིན་གྱི་འཕྲང་ལས་གྲོལ་ཏེ་ད་ནི་འགྲོ་འོང་མེད་པའི་ཆོས་ཉིད་ཀློང་དུ་ཕེབས་པས་གང་དུ་འགྲོ་བར་བྱ་སྟེ་འགྲོ་ས་མེད་ཅེས་བྱའོ། །དེ་ལྟ་བུའི་ངང་དུ་ཕྱིན་པའི་རྣལ་འབྱོར་པ་རྣམས་ནི་འཁྲུལ་བའི་ཡུལ་ལས་འདས་པས་འཁོར་བའི་གྲོང་དུ་འོང་བ་གང་ཡང་མེད་དེ་ནམ་མཁའ་ལྟ་བུའི་གཞི་ལ་ཕྱིན་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:ལ་བཟླ་བ་བཞི་

|; |@@@ | | }}