From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལ་མོ་ (1)
| Part of speech
|
མིང་ཚིག
|
| Definition
|
རི་བོའི་སྤྱིི་མིང་སྟེ།
|
| Example
|
ལ་མོ་བརྒྱབ་ནས་གཞན་ཡུལ་དུ་སོང་ཞེས་པ་ལྟ་བུ།
|
ལ་མོ་ (2)
| Part of speech
|
མིང་ཚིག
|
| Definition
|
སྟག་རྩེ་རྫོང་ཁོངས་སུ་གཏོགས་པའི་ས་ཆ་ཞིག་གི་མིང་།
|
ལ་མོ་ (3)
| Part of speech
|
མིང་ཚིག
|
| Definition
|
ལ་མོ་ཚངས་པ་ཞེས་པའི་ཆོས་སྐྱོང་ཞིག་གི་མཚན། བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་རྒྱ་གར་ནས་བོད་དུ་ཕེབས་སྐབས་མི་མ་ཡིན་གྱི་གཙོ་བོ་ཞིག་རྗེས་སུ་འབྲངས་ནས་འོངས་པ་ཁོང་གིས་དམ་ལ་བཏགས་ནས་སྲུང་མར་བསྐོས་པ་ཚངས་པ་ཞི་བ་དང་དེ་ཉིད་དྲག་པོར་ཁྲོས་པའི་རྣམ་འགྱུར་ནི་ཚངས་པ་དྲག་པོ་སྟེ་ཡོངས་གྲགས་སུ་ཆོས་སྐྱོང་བསེ་ཁྲབ་པ་ཟེར་བ་དེ་ཡིན། སྲུང་མ་དེའི་རྟེན་གནས་ནི་ལྷ་སའི་ཤར་ཕྱོགས་ལ་མོར་ཡོད་པས་སྲུང་མ་དེའི་མཚན་སྟབས་བདེར་འབོད་སྐབས་ལ་མོ་ཆོས་སྐྱོང་ཟེར་ཞིང་ཆོས་སྐྱོང་དེའི་དབུ་ལ་ཐོད་ཆིངས་ཤིག་བཞེས་པའི་རྩེ་མོར་དུང་དཀར་གྱི་ཏོག་ཡོད་པས་ན་ཚངས་པ་དུང་ཐོད་ཅན་ཞེས་ཀྱང་ཟེར།
|
| Domain
|
ཆོས་ལུགས།
|
ལ་མོ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
མྱུར་བའམ་མགྱོགས་པའི་དོན་ཏེ།
|
| Example
|
ལ་མོ་ལས་འཆར་འགོ་འཛུགས་བྱེད་ཅེས་པ་ལྟ་བུ།
|