83322
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་ཕྱི་ལོ་ ༡༦༨༩ ལོར་ཁུ་རེ་ནོར་ཡུལ་དུ་འཁྲུངས། གཞོན་དུས་ནས་དབུས་སུ་ཕེབས། གྲྭ་ས་ཆེན་མོའི་ཆོས་གྲྭར་མདོ་སྔགས་གཞུང་ལུགས་ཀུན་ལ་མཁས་པར་སྦྱངས། བླ་མ་ངག་དབང་བློ་བཟང་བཀྲ་ཤིས་ལས་དགེ་ཚུལ་སློང་གི་སྡོམ་པ་མནོས། ཆོས་རྗེ་འཇམ་དབྱངས་བློ་གྲོས་དང་། ཆོས་རྗེ་ངག་དབང་ཆོས་སྐྱོང་སོགས་བླ་མ་རྣམས་ལས་རིག་པའི་གཞུང་ལུགས་ཀུན་ལ་མཐར་ཕྱིན་པ་སྦྱངས། གོང་མ་ཡུའུ་ཛི་ནས་རྒྱ་ནག་པེ་ཅིན་ཕོ་བྲང་དུ་གདན་དྲངས། ཧུའི་ཨུ་ཆན་དགའ་ལྡན་གུ་ཤྲཱ་ཐུ་ཧོ་ཐོག་ཐུའི་མཚན་སྙན་ཕུལ། པེ་ཅིན་ཙན་དན་དགོན་ཇོ་བོའི་བླ་བྲང་དུ་རྒྱུན་རིང་བཞུགས། སོག་ཡུལ་མཚོ་བདུན་དགོན་དུ་ཕེབས་ཏེ། འཆད་རྩོད་རྩོམ་གསུམ་གྱིས་དུས་འདས། གྱ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་ཕྱི་ལོ་ ༡༧༧༢ ལོར་སྐུ་གཤེགས། གསུང་རྩོམ་ནི་བརྒྱ་རྩའི་རྣམ་བཤད་ཚོགས་གཉིས་ཤིང་རྟ་དང་། འདུལ་བའི་ལས་ཆོག་ཚིག་དོན་རྣམ་བཤད་སྒྲོན་མེ། སངས་རྒྱས་བྱང་སེམས་ཀྱི་བསྟོད་པ། ཕྱོགས་བཅུའི་གཡང་འགུགས་བུམ་བཟང་། མགུར་རི་བོ་ཏ་ལ་མ། རྡེའུ་བཅུད་ལེན་གྱི་གདམས་ངག་ཡིད་བཞིན་ནོར་བུ་བཅས་པོད་གཉིས་བཞུགས། |
{{#arraymap:ལ་མོ་གསེར་ཁྲི་བློ་བཟང་བསྟན་པའི་ཉི་མ་
|; |@@@ | | }}