83324

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་མོ་གྲགས་རྒན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་མེ་ཕག་ཕྱི་ལོ་ ༡༦༤༧ ལོར་འབལ་གཞུང་ཉ་མཚོའི་དཔོན་རྒྱུད་དུ་འཁྲུངས། མཚན་དངོས་ལ་ངག་དབང་བློ་བཟང་བཀྲ་ཤིས་ཞེས་ཞུ། དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། འཛིན་གྲྭ་བདུན་རེའི་བརྩི་བཞག་དུས་གཅིག་ཏུ་གསན། མཁྱེན་རབ་ཆེ་བས་ལོ་བདུན་གྱི་མཚམས་ནས་ལྷ་རམས་པའི་མཚན་བཏགས་བཞེས། རྒྱལ་དབང་ལྔ་པ་ལས་བསྙེན་པར་རྫོགས། བཀའ་འགྱུར་སོགས་ཀྱི་བཀླག་ལུང་ཡང་མང་དུ་གསན། རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ཕྱི་ལོ་ ༡༦༨༡ ལོར་རང་ཡུལ་དུ་ཕེབས། མདོ་སྨད་ཀྱི་གྲྭ་ས་ཕལ་ཆེ་བར་དམ་བཅའ་བཞག ཞེ་བརྒྱད་པར་དབུས་གཙང་དུ་སླར་ཕེབས། སེ་འབྲས་དགེ་གསུམ་དང་། བཀྲ་ཤིས་ལྷུན་པོ་བཅས་ལ་བསྙེན་བཀུར་ཞུས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱང་མཇལ་ཁ་ཐོབ། རབ་བྱུང་བཅུ་གཉིས་པའི་ཤིང་ཕག་ཕྱི་ལོ་ ༡༦༩༥ ལོར་རང་ཡུལ་དུ་ཕེབས། མེ་གླང་ཕྱི་ལོ་ ༡༦༩༧ ལོར་ཁྲི་ཆེན་སྤྲུལ་སྐུ་བསྟན་པའི་ཉི་མ་དང་། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ། ཤ་སྦྲང་འཇམ་དབྱངས་བློ་གྲོས་བཅས་ལ་ཕྲེང་ཀྲྀ་སྦྲགས་པའི་དབང་དང་། ལམ་རིམ་གྱི་མྱོང་ཁྲིད་ཚར་མང་པོར་གནང་། རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་ཕྱི་ལོ་ ༡༧༡༢ ལོར་བྱ་ཁྱུང་དགོན་པའི་གདན་ཁྲིར་བཞུགས། བྱང་ཆུབ་ལམ་རིམ་གྱི་བཤད་ལུང་གནང་། བྱ་ཁྱུང་དགོན་པའི་གདན་རབས་ཉེར་བརྒྱད་པ་ཡིན། རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་ཕྱི་ལོ་ ༡༧༡༣ ལོར་སྐུ་གཤེགས། གསུང་རྩོམ་ནི་འཇིགས་བྱེད་བསྐྱེད་རིམ་དང་། དབུ་མ་དང་འདུལ་བའི་ཐལ་ཕྲེང་། ཆོས་འབྱུང་སོགས་བཞུགས། མཚན་གཞན། ངག་དབང་བློ་བཟང་བཀྲ་ཤིས།

{{#arraymap:ལ་མོ་གྲགས་རྒན་

|; |@@@ | | }}