83332

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་མོ་ཞབས་དྲུང་སྐུ་ཕྲེང་གཉིས་པ་བློ་གྲོས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་འདི་ནི་རབ་བྱུང་བཅུ་པའི་ལྕགས་ཁྱི་ཕྱི་ལོ་ ༡༦༡༠ ལོར་ཐུ་མེད་རྒྱལ་པོ་ཧོ་ལོ་ཆིའི་སྲས་སུ་འཁྲུངས། དགུང་ལོ་གསུམ་པར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ལ་མོ་ཚོགས་གཉིས་རྒྱ་མཚོའི་སྤྲུལ་སྐུར་ངོས་བཟུང་ཞིང་། ལྷ་མོའི་ཞལ་ཐང་སོགས་གནང་སྟེ་བརྩེ་གཟིགས་ཆེ། པཎ་ཆེན་མཆོག་དང་། རོང་བོའི་ཆོས་པ་རིན་པོ་ཆེ། ཤར་སྐལ་ལྡན་རྒྱ་མཚོ་སོགས་བཤེས་གཉེན་མང་པོ་ལས་དབང་ལུང་ཞུས། རྒྱལ་དབང་ལྔ་པ་རྒྱ་ནག་ཏུ་ཕེབས་དུས་ཤི་རེ་ཐང་དུ་ཆོས་བཀའ་མང་པོ་གསན། རབ་བྱུང་བཅུ་གཉིས་པའི་མེ་ཁྱི་ཕྱི་ལོ་ ༡༦༤༦ ལོར་རྨ་མགུར་དགེ་ལྡན་རྣམ་རྒྱལ་གླིང་ཕྱག་བཏབ། འཆད་མཉན་གྱི་བཤད་གྲྭ་བཙུགས། གྲྭ་བཙུན་སུམ་བརྒྱ་འདུས། རྒྱལ་དབང་ལྔ་པས་བཀའ་ཕབ་ནས་ཧལ་ཧ་དང་ཨོ་རོད་གཉིས་ཀྱི་ནང་འཁྲུག་འདུམ་པར་མཛད། དཔའ་ལུང་གི་བ་ཡན་དང་ཁ་སྒང་གཉིས་ཀྱི་བར་དུ་འཁྲུག་རྩོད་ཡུན་རིང་བྱུང་བའང་འདུམ། སྡོང་རྒན་ཐང་གི་སྡེ་བ། ཅོ་ཚ། ཞབས་དྲུང་ཧོ་ར། ལུང་ཕྲན་ལམ་སྔོན། བ་ཡན་དགེ་ཕྱུག་དགོན་པ་བཅས་དགེ་ཕྱུག་སངས་རྒྱས་རྒྱ་མཚོས་ཕུལ། གོང་མ་ཡུང་ཏྲི་སྲིད་ལོ་ལྔ་བའི་དུས་ཇ་སག་གི་ཐམ་ག་གཟེངས་བསྟོད་དུ་གནང་། ཀོ་ཤྲཱི་ཝང་དང་ཧོང་ཐེ་ཇིའི་སྐུ་གདུང་མཆོད་རྟེན་སྒོ་རྒྱན་གསེར་དང་། མཆོད་རྟེན་དངུལ་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་ཚོམ་བཏབ་པ་ལྔ་ཁུ་ཙམ་རེ་ཡོད་པ་སྒར་གཞུང་ཚོམས་ཆེན་དུ་བཞུགས་མོད། རབ་བྱུང་བཅུ་དྲུག་པའི་ས་ཁྱི་ཕྱི་ལོ་ ༡༩༥༨ ལོར་གཏོར་། རབ་བྱུང་བཅུ་གཅིག་པའི་ས་ཕག་ཕྱི་ལོ་ ༡༦༥༩ ལོར་རྨ་མགུར་རྣམ་རྒྱལ་གླིང་དུ་སྐུ་གཤེགས། གསེར་དངུལ་ལས་གྲུབ་པའི་སྐུ་གདུང་བྱང་ཆུབ་མཆོད་རྟེན་མགུར་སྒར་གཞུང་གི་ཚོམས་ཆེན་དུ་བཞུགས། རིག་གནས་གསར་བརྗེའི་སྐབས་སུ་མེད་པར་བྱས།

{{#arraymap:ལ་མོ་ཞབས་དྲུང་སྐུ་ཕྲེང་གཉིས་པ་བློ་གྲོས་རྒྱ་མཚོ་

|; |@@@ | | }}