83335

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་མོ་ཞབས་དྲུང་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་འདི་ནི་རྒྱལ་དབང་སྐུ་ཕྲེང་གསུམ་པ་དང་དུས་མཉམ་ཡིན། དབུས་ཀྱི་ལ་མོ་རིན་ཆེན་སྒང་དུ་འཁྲུངས། ཚེར་གསེབ་ནས་རབ་ཏུ་བྱུང་སྟེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་བཀའ་པོད་ལྔ་དང་། དཔལ་ལྡན་སྨད་རྒྱུད་དུ་གསང་སྔགས་བཅས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། རྒྱུད་སྨད་བླ་མ་དབུ་མཛད་སྐབས་རྒྱལ་དབང་བསོད་ནམས་རྒྱ་མཚོའི་བཀའ་མངགས་ལྟར་ཧོ་སོས་ཉེར་བཞིའི་དབུ་བླར་ཕེབས། རྗེ་འབངས་ཀུན་གྱིས་རྒྱལ་དབང་བསོད་ནམས་རྒྱ་མཚོ་ཇི་བཞིན་གཙུག་ཏུ་བཀུར། གཅན་ཚའི་རྔ་བ་རྡོ་རྗེ་བཟང་པོ་ནས་ཕྱག་བཏབ་པའིི་རྔ་སྒར་བྱང་ཆུབ་གླིང་ཕུལ། གདན་ས་འདི་དང་ཁྲི་ཀའི་ཡུལ་གྱི་དབེན་གནས་འགའ་དང་གུར་སྒར་ཆུང་ངུ་ལོགས་སུ་ཕྱེས་ནས་ཐུགས་དམ་ཉམས་བཞེས་ཀྱིས་རྟོགས་པ་ཀློང་དུ་བརྡོལ། སྐལ་ལྡན་གདུལ་བྱ་རྣམས་ལ་ཆོས་འཁོར་བསྐོར། ཐུ་མེད་ཧོ་ལོ་ཆིས་མཆོད་གནས་སུ་བཀུར། གོང་མ་ཡུང་ལོ་རྒྱལ་པོས་རྔ་སྒར་སྐུ་སྐྱེ་དཀར་པོ་ཞེས་ལུང་ལས་ཀྱི་གཟེངས་བསྟོད་དང་གསེར་ཐམ་བཅས་ཕུལ། ༸ གོང་ས་ལྔ་བ་ཆེན་པོའི་རང་རྣམ་དཱུ་ཀ་ལ་སོགས་སུ་ཚ་གན་ནོ་མོ་ཧན་ཞེས་ཡང་ཡང་འབྱུང་བ་ཡང་རྗེ་འདིའི་སྐུ་ཕྲེང་དག་གི་མཚན་དུ་གོ་དགོས་ལ། ལ་མོ་ཞབས་དྲུང་དཀར་པོའི་སྐུ་ཕྲེང་ལ་ཚ་གན་ནོ་མོ་ཧན་ཞེས་གྲགས་པ་ནི། ཀོ་ཤྲི་ཧན་གྱིས་ལ་མོ་བློ་གྲོས་རྒྱ་མཚོ་དབུ་བླར་བཀུར་བ་དང་། མཚོ་སྔོན་གཡས་རུ་གཡོན་རུའི་བླ་དཔོན་ཟུང་འབྲེལ་མཛད་ཅིང་། བསྟན་འགྲོ་ཡོངས་ལ་གཅིག་ཏུ་དཀར་བའི་ལྷག་བསམ་སོགས་གྱིས་ཆེ་བསྟོད་དང་གོ་སའི་གཟེངས་བསྟོད་ཀྱི་མཚན་ཡིན། སྐུ་གཤེགས་པའི་ལོ་ཚིགས་མི་གསལ་ལ། གདུང་རྟེན་ནི་ཁྲི་ཀའི་མརྒེན་གྲྭ་ཚང་དུ་བཞུགས། རབ་བྱུང་བཅུ་དྲུག་པའི་མེ་ལུག་ཕྱི་ལོ་ ༡༩༦༧ ལོར་གཏོར་བརླགས་བྱས།

{{#arraymap:ལ་མོ་ཞབས་དྲུང་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་

|; |@@@ | | }}