83336

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་མོ་ཞབས་དྲུང་སྐུ་ཕྲེང་དྲུག་པ་ངག་དབང་མཆོག་གྲུབ་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དམ་པ་ཁོང་ནི་སྐུ་འབུམ་མཆོད་གཞིས་མི་ཉག་ར་ལྡིང་སྡེ་བར་གསེར་ཁྲིའི་སྐུ་མཆེད་དུ་རབ་བྱུང་བཅུ་བཞི་བའི་ཆུ་ཕོ་འབྲུག་ཕྱི་ལོ་ ༡༨༣༢ ཡབ་ཆོས་སྐྱོང་བཀྲ་ཤིས་དང་། ཡུམ་མཚོ་ཁོ་གཉིས་ཀྱི་སྲས་སུ་འཁྲུངས། ཆོས་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་ལྷ་དང་བླ་མས་གོང་མའི་སྐྱེ་སྤྲུལ་དུ་ངོས་འཛིན་གནང་། མང་རའི་ཆུ་བཟང་དུ་གདན་ཁྲིར་བཀོད། རྗེ་གསེར་ཁང་བ་ལས་རབ་དུ་བྱུང་། རྙེ་བསྟན་པའི་རྒྱལ་མཚན་ཡོངས་འཛིན་དུ་བསྟེན་ནས་བདེ་ཆེན་དུ་མཚན་ཉིད་ཀྱི་གཞུང་ལ་སྦྱངས། ཅུང་འཚུབ་ཅིང་རྒོད་བག་ཆེ་བས་ཟི་ལིང་ཨམ་བྷན་གྱི་མངགས་བཀོད་་ལྟར་སྐུ་འབུམ་ཆོས་གྲྭར་སློབ་གཉེར་མཛད། མཁྱེན་རབ་ཆེ་ཞིང་བླ་མ་ལ་དད་ཅིང་གུས། ལྕགས་ཁྱི་ས་ཟླའི་དུས་ཆེན་ལ་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་དྲུང་དུ་བསྙེན་པར་རྫོགས་སྐབས་མཚན་ལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོཞེས་གསོལ། རང་ཁོངས་ཀྱི་སེར་སྐྱ་ཀུན་ལ་ལུགས་གཉིས་ཀྱི་སྤྱན་སྐྱོང་ཚད་ལས་འདས་མོད་ཀྱི། སྐུ་ཚེ་སྨད་ཀྱི་མཛད་སྤྱོད་ནི་ཕལ་བའི་མོས་སྤྱོད་ཡུལ་ལས་འགོངས་ཞིང་། གྲུབ་ཐོབ་ཀྱི་སྤྱོད་པ་སྣ་ཚོགས་འདི་དང་འདི་ཞེས་རེ་རེར་བརྗོད་པས་མི་ལང་ངོ་། །རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་སྤྲེལ་ཕྱི་ལོ་ ༡༨༧༢ ཧོར་ཟླ་བཅུ་གཉིས་པ་དགུང་ལོ་ཞེ་གཅིག་བཞེས་སྐབས་སྐུ་གཤེགས་པའི་ཚུལ་བསྟན།

{{#arraymap:ལ་མོ་ཞབས་དྲུང་སྐུ་ཕྲེང་དྲུག་པ་ངག་དབང་མཆོག་གྲུབ་བསྟན་པའི་རྒྱལ་མཚན་

|; |@@@ | | }}