83338
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དམ་པ་འདི་ནི་རབ་བྱུང་བཅུ་གཉིས་པའི་ས་བྱ་ཕྱི་ལོ་ ༡༧༢༩ ལོར་མདོ་སྨད་ཨ་རིག་ཀླུ་ཏེའི་ཞོལ་དུ། ཡབ་ལ་ཀ་ཚུལ་ཁྲིམས་རྒྱ་མཚོ་དང་ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། རྒྱལ་དབང་བདུན་པ་ཆེན་པོས་གོང་མའི་སྤྲུལ་སྐུར་ཐུགས་ཐག་བཅད། ཁྲི་ཆེན་བསྟན་པའི་ཉི་མས་ཐུགས་ཁུར་བཞེས་ཏེ་གདན་སར་བཀོད། ཆོས་དཔལ་ཛ་སག་ཟེར་བར་རིགས་རྒྱུད་སྲིད་འཛིན་མ་བྱུང་བས་ཛ་སག་གི་ཐམ་ཀ་རུ་སྡེ་དང། མང་འབའ་བྱ་གསུམ་བཅས་འདི་བར་ཕུལ་ཞིང་ཨུརྒེ་ཕྱི་ནང་བར་གསུམ་བཙུགས། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་རྒྱ་ཡུལ་དུ་ཕེབས་སྐབས་སྣེ་ལེན་གཟབ་རྒྱས་ཞུས། དགུང་ལོ་རེ་བརྒྱད་པ་ཕྱི་ལོ་༡༧༩༦ ལོར་དགོངས་པ་རྫོགས། |
{{#arraymap:ལ་མོ་ཞབས་དྲུང་སྐུ་ཕྲེང་བཞི་པ་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་
|; |@@@ | | }}