83340

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་མོ་ཞབས་དྲུང་སྐུ་ཕྲེང་ལྔ་པ་ཕན་བདེ་དབང་ཕྱུག་མཁས་བཙུན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་འདི་ནི་ཕྱི་ལོ་ ༡༧༩༧ ལོར་དངུལ་རྭའི་ཞོལ་ཨ་རིག་ཏུ་ཡབ་ཐུབ་བསྟན་རབ་རྒྱས་དང་། ཡུམ་བདེ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། པཎ་ཆེན་བསྟན་པའི་ཉི་མས་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། བཅུ་དྲུག་པར་དབུས་སུ་ཕེབས་ཤིང་ཉི་ཤུ་པར་པཎ་ཆེན་རིན་པོ་ཆེ་ལས་བསྙེན་པར་རྫོགས། བདེ་ཆེན་དང་མགུར་དུ་གཞུང་ཆེན་ལ་ཐུགས་གཉེར་གྱིས་མཁས་པར་གྱུར། ཨ་རིག་དགེ་བཤེས་ཆེན་མོ་སོགས་དང་ལྷན་རྨ་ཆུའི་ལྷོ་བྱང་བདེ་འཇགས་ལ་བཀོད། དགུང་ལོ་སོ་ལྔ་པ་ཕྱི་ལོ་ ༡༨༣༡ ཞི་བར་གཤེགས་སོ། །

{{#arraymap:ལ་མོ་ཞབས་དྲུང་སྐུ་ཕྲེང་ལྔ་པ་ཕན་བདེ་དབང་ཕྱུག་མཁས་བཙུན་རྒྱ་མཚོ་

|; |@@@ | | }}