8336

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་ (1)
Part of speech མིང་ཚིག
Definition ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཛཱ་བ་རི་པས་མཛད་པའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དེ་བ་པཱུརྞ་མ་ཏི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་འགར་ཆོས་ཀྱི་བཟང་པོས་བསྒྱུར། གོང་གི་ཆོས་ཚན་ ༡༠༥༧ པ་ནས་ ༡༠༧༤ པའི་བར་གྱི་ཆོས་ཚན་བཅོ་བརྒྱད་པོ་གཞུང་དངོས་ལ་མཛད་འགྱུར་ཡོད་མེད་ཅི་རིགས་འདུག་ཀྱང་། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་པར་མ། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་དེ་དག་ཐམས་ཅད་ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཛ་པ་རི་པས་མཛད་པ་དང་བལ་པོའི་པཎྜི་ཏ་དེ་ཝ་པུརྞ་མ་ཏི་དང་ལོ་ཙཱ་བ་འགར་ཆོས་ཀྱི་བཟང་པོའི་འགྱུར་ཡིན་པར་འཁོད། བསྟན་འགྱུར་རྒྱུད་ཚི་པར་བཞུགས།

{{#arraymap:གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་

|; |@@@ | | }}