83399

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་སྤྱོད་པས་དོར་བར་བསླབ་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ལ་སྤྱོད་པས་དོར་བ་གླང་པོ་ཆེ་ཆུར་འཇུག་པ་ལྟར་བཤད་པའི་ཚུལ་ནི། ཀུན་འདུས་རིག་པའི་མདོ་ལས། ཇི་ལྟར་གླང་པོ་ཆུར་འཇུག་པ། །ཚམ་ཚོམ་ཆགས་ཐོགས་ཡོང་མེད་པར། །དགའ་བའི་ལོངས་སྤྱོད་བྲོད་ཚུལ་གྱིས། །མི་ལྡོག་ཕ་རོལ་ཕྱིན་པ་ལྟར། །རྣལ་འབྱོར་ངེས་པར་སྤྱོད་པའི་བློ། །བརྟུལ་ཞུགས་རྒྱ་མཚོའི་ཆུར་འཇུག་པ། །རྩལ་ཆེན་སྦྱོང་བའི་བྲོད་ཚུལ་དུ། །ཆགས་ཐོགས་མེད་པར་ལ་དོར་བའོ། །བསླབ་པར་བྱ་བའི་མཐའ་ཡིན་ནོ། །སྤྱོད་པའི་བསླབ་པ་དམ་པར་ནི། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་ལྟར་རྒྱས་པར་མདོ་དགོངས་པ་འདུས་པ་ལེའུ་དོན་གཅིག་པར་གསལ་ལོ། །
Domain ཆོས་ལུགས།

{{#arraymap:ལ་སྤྱོད་པས་དོར་བར་བསླབ་པ་

|; |@@@ | | }}