83478
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། ག་ན་རྡོ་རྗེ་སྟོབས་པོ་ཆེ་ནི་ཕྱག་ན་རྡོ་རྗེའི་གསང་མཚན་སྟེ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། ཕྱག་ན་རྡོ་རྗེ་ནི་སངས་རྒྱས་སྟོང་རྩ་གཅིག་གི་ཐ་ཆུང་ཡིན་པས། སངས་རྒྱས་ཐམས་ཅད་འདུས་པས་དབང་བསྐུར་བ་ཡིན་ཏེ། དེ་ཡང་། ང་ནི་ཁྲོ་བོ་གོས་སྔོན་ཅན། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་པ་ལྟ་བུའོ། །གསང་མཚན་དུ་ཡང་། ལག་ན་རྡོ་རྗེ་སྟོབས་པོ་ཆེ། །ཞེས་བཏགས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |