83481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལག་ན་རྡོ་རྗེའི་བརྟུལ་ཞུགས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་ལག་ན་རྡོ་རྗེའི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། ལག་ན་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །མཐུ་སྟོབས་དག་ལ་སྤྱད་པར་བྱ། །ཞེས་དང་གཟི་ལྡན་འཆར་ཁའི་འོད་སྣང་ལས། དཔལ་ཕྱག་ན་རྡོ་རྗེ་དྲག་ཤུལ་ཆེན་པོ་ནི་གདུལ་དཀའ་འཇོམས་པའི་ཕྲིན་ལས་ཀྱི་བརྟུལ་ཞུགས་མཆོག་གི་བདག་པོ་ཡིན་པ་ལྟར་རྣལ་འབྱོར་པས་ཀྱང་ཁྲོ་བོ་སྒོམ་ནས་ཕྲིན་ལས་དྲག་པོའི་མཐུ་སྟོབས་ཀྱིས་དགྲ་བགེགས་འཇོམས་པའི་བརྟུལ་ཞུགས་ཏེ། ཞེས་གསུངས་སོ། །
Domain ཆོས་ལུགས།