83490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལག་པ་གདེངས་ཅན་ཟླ་བའི་དམན་པ་ (1)
Part of speech མིང་ཚིག
Definition ཀླ་ཀློའི་བྱེད་རྩིས་དང་རང་ལུགས་བྱེད་རྩིས་གཉིས་ཀྱི་ལོའི་བར་ཁྱད་ཀྱི་ལོ་གྲངས་ཡིན་ལ། དེ་ཡང་ཟླ་བ་ཞེས་པ་དེ་གཅིག་གི་དོན་དང་། གདེངས་ཅན་ཞེས་པ་དེ་བརྒྱད་ཀྱི་དོན་དང་། ལག་པ་ཞེས་པ་དེ་གཉིས་ཀྱི་དོན་སྟེ། ལོ་ཧྲིལ་བོ ༡༨༢ ལོན་པ་དེ་ཕྲི་བའི་ལྷག་མའི་ལོ་དང་པོ་མེ་ཕོ་ཁྱི་ཡི་ལོའམ་མེ་མཁའ་རྒྱ་མཚོའི་འདས་ལོ ༡༨༢ འདས་ཟིན་པ་དང་ཕྱི་ལོ ༨༠༦ ལོར་རང་ལུགས་བྱེད་རྩིས་ཀྱི་ལོ་འགོ་ཟུག་པ་ཡིན་པས་མེ་མཁའ་རྒྱ་མཚོའི་འདས་ལོའི་ཐོག་མ་ནས་དམན་ཞེས་པ་འཕྲི་དགོས་ཞེས་པའི་དོན་ཡིན་པར་འདོད། དུས་འཁོར་བསྡུས་རྒྱུད་ལས། །མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས་ཀླ་ཀློའི་ལོར་ནི་རབ་ཏུ་གྲུབ། །ཀླ་ཀློའི་དབང་པོའི་ལོ་ནི་ལག་པ་གདེངས་ཅན་ཟླ་བས་དམན་པའི་ལྷག་མ་དག་ཀྱང་ཉི་མས་བསྒྱུར། །ཞེས་བྱུང་།
Domain རྩིས་རིག